མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིའུ་ཡུན་ཧྲན་གྱིས་བསྒྱུར་བཅོས་ཀྱིས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-10 09:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་པེ་ཅིན་ལ་རྟོག་ཞིབ་གནང་སྐབས། བསྒྱུར་བཅོས་ཀྱིས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་ཐུབ་པ་དང་། བསྒྱུར་བཅོས་བྱེད་བཞིན་པའི་སྐབས་མ་གཏོགས། བྱས་ཚར་བའི་སྐབས་མེད། ཏང་གི་ཚོགས་ཆེན18པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཐོག བྱ་ཐབས་ཐབས་གསར་པའི་ཐོག་ནས་རིག་གནས་སྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རིག་གནས་ཀྱི་སྟོབས་ཤུགས་མཁོ་འདོན་བྱེད་དགོས་ཞེས་གསུངས།

ལིའུ་ཡུན་ཧྲན་གྱིས་རིག་གནས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། རིག་གནས་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་འགག་རྩ་ནི་རིག་གནས་ཀྱིས་རིག་གནས་ལ་མི་ལྟ་བར་ཁྱོན་ཡོངས་ནས་རིག་གནས་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱེད་རྒྱུའི་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན། ཡུན་རིང་གི་རང་བཞིན་ལ་ངོས་འཛིན་བྱེད་དགོས་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག