མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧི་པེ་ནས་མགོ་འཛིན་མཛད་དེ་པའོ་ཧེ་མཚོ་སྐོར་ཞིང་ཆེན་གྱི་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-09 11:14

7777.jpg

  སྤྱི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧི་པེ་ནས་མགོ་འཛིན་མཛད་དེ་པའོ་ཧེ་མཚོ་སྐོར་ཞིང་ཆེན་གྱི་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས8ཉིན་ཧི་པེ་ནས་མགོ་འཛིན་མཛད་དེ་པའོ་ཧེ་མཚོ་སྐོར་ཞིང་ཆེན་གྱི་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

   ཚོགས་ཐོག་ནས་པེ་ཅིན་དང་ཐེན་ཅིན། ཧི་པེ། ལའོ་ཉིན། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ས་གནས་རང་གི་དོན་དངོས་དང་འབྲེལ་ཏེ། འཕར་ཚད་བརྟན་འཇགས་དང་དངུལ་ལོར་ཚད་བརྒལ་འགྲེམ་པ་ཚོད་འཛིན་བྱེད་པ། ཉེན་ཁ་སྔོན་འགོག དཔལ་འབྱོར་གྱི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་བ། དེ་མིན་པའོ་ཧི་མཚོ་སྐོར་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་བཅས་ཀྱི་ཐད་ལ་གྲོས་གཞི་བཏོན་པ་དང་། ལིས་ཁི་ཆང་གིས་ཚང་མའི་གྲོས་གཞི་ལ་ཉན་ཞོར་དུ་ཚང་མ་དང་མཉམ་དུ་གྲོས་བསྡུར་མཛད།

  ལིས་ཁི་ཆང་གིས་གསུངས་རྒྱུར། པའོ་ཧེ་མཚོ་སྐོར་ས་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་དང་མངའ་ཁོངས་མཉམ་ལས་ཀྱི་གོ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མཉམ་ལས་འཕེལ་རྒྱས་ཀྱི་མཐུན་སྦྱོར་ནང་རྐྱེན་འཛུགས་ཏེ། རྨང་གཞིའི་སྒྲིག་ཆས་ཕན་ཚུན་འབྲེལ་བ་དང་གཅིག་གྱུར་ཚོང་རའི་མ་ལག་འཛུགས་སྐྲུན། སྤྱི་ཚོགས་འགན་སྲུང་ལམ་ལུགས་འབྲེལ་མཐུད་བྱེད་པ་བཅས་གཙོ་ཡིན་པའི་མངའ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་དུ་གྲུབ་འབྲས་ལེན་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་པའོ་ཧེ་མཚོ་སྐོར་ས་ཁུལ་གྱི་འཆར་འགོད་ལ་གཅིག་གྱུར་སྒོས་ཞིབ་འཇུག་བྱེད་དགོས་ལ། ཀྲུང་དབྱང་དང་ས་གནས། ཁེ་ལས་སོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་པའོ་ཧེ་མཚོ་སྐོར་ས་ཁུལ་དེ་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་དང་རྣམ་པ་བསྒྱུར་བའི་དཔེ་སྟོན་ས་ཁུལ་ཞིག་ཏུ་གསར་སྐྲུན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག