མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཤིན་ཅང་བརྟན་ལྷིང་དར་རྒྱས་ཀྱི་ཐབས་ཇུས་ལ་འཛིན་དགོས་སྐོར་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས4ནས་ཚེས7ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཆིང་ལིན་གྱིས་ཤིན་ཅང་དུ་བརྟག་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཀྲུང་དབྱང་གི་ཤིན་ཅང་ལས་དོན་གྱི་ཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། གཞི་རིམ་དམ་འཛིན་དང་། རྨང་གཞི་འདིང་རྒྱུ་དེ་ཤིན་ཅང་བརྟན་ལྷིང་དར་རྒྱས་ཀྱི་ཡུན་རིང་ཐབས་ཇུས་དང་རྩ་བ་བརྟན་དུ་གཏོང་བའི་ཐབས་ཇུས་ལ་འཛིན་དགོས་ཞེས་བཏོན་གནང་ཡོད་པ་རེད།

བརྟག་ཞིབ་གནང་རིང་། ཏུའུ་ཆིང་ལིན་གྱིས་ཤང་གྲོང་དང་། གྲོང་ཁུལ། པིང་ཐོན་སོགས་སུ་ཟབ་བསྐྱོད་གནང་བ་དང་། ཁེ་ལས་དང་། སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་ལ་རྟོག་ཞིབ་གནང་བ། ཞིང་ཁྱིམ་དང་ཞིང་ནང་དུ་ཕེབས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུས་མངའ་གནང་བ་མ་ཟད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་ཆོས་ལུགས་བྱ་དོན་དོ་དམ་ཐད་གཞི་རིམ་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ཞུགས་མོལ་གནང་ཡོད་པ་རེད།

གཞི་རིམ་གྱི་རྨང་གཞིའི་ལས་དོན་སྐོར་གླེང་སྐབས། ཏུའུ་ཆིང་ལིང་གིས། གཞི་རིམ་དར་ན་ཤིན་ཅང་དར་བ་དང་། རྨང་གཞི་བརྟན་པོ་བྱུང་ན་ཤིན་ཅང་བརྟན་པོ་ཡོང་ཐུབ་པས། དཔལ་འབྱོར་གོང་འཕེལ་མགྱོགས་སུ་གཏོང་བ་དང་། དམངས་ཀྱི་འཚོ་བ་དམིགས་བསལ་གྱིས་ལེགས་བཅོས་བྱེད་པ། སྔ་ཕྱི་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོར་བསམ་གཞིགས་ནན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་དང་། ཁོང་གིས། ཤིན་ཅང་བརྟན་ལྷིང་དར་རྒྱས་ཡོང་བ་བྱེད་པར་གཅིག་ནས་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས་ལ། གཉིས་ནས་བསམ་པའི་ཀ་རྟེན་ཤུགས་ཆེན་མཁོ་འདོན་བྱས་ཏེ། མང་ཚོགས་ཚོར་ཁོང་ཚོས་གོ་ཐུབ་པ་དང་། ཁོང་ཚོས་དགའ་པོ་བྱེད་པ། ཁོང་ཚོས་དང་ལེན་བྱེད་བདེ་བ་བཅས་ཀྱི་རིག་གནས་ཐོན་རྫས་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད། རྒྱལ་གཅེས་ཆོས་ལུགས་མི་སྣར་གཟིགས་པར་ཕེབས་སྐབས། ཏུའུ་ཆིང་ལིན་གྱིས། ཏང་གི་ཆོས་ལུགས་ལས་དོན་གྱི་རྨང་གཞིའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་ཧུར་སེམས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་གཅེས་ཆོས་ལུགས་མི་སྣའི་ཆོས་ལུགས་དར་སྤེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ཐལ་བསྐྱོད་སྟོབས་ཤུགས་ཀྱི་སིམ་འཛུལ་བཀག་འགོག་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག