མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་ལ་དཔྱད་ཞིབ་བྱ་རྒྱུ་ཐེངས་དང་པོར་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་ཤས་གོང་འབྲེལ་ཡོད་བྱ་ཐབས་པར་འགྲེམས་བྱས་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་ལ་དཔྱད་ཞིབ་བྱ་རྒྱུ་ཐེངས་དང་པོར་བཏོན་ཞིང་། དཔྱད་ཞིབ་མཇུག་འབྲས་དེ་འགོ་ཁྲིད་ལས་བྱེད་པ་འདེམས་པ་དང་བཀོལ་སྤྱོད་སོགས་ཀྱི་གཞི་འཛིན་སར་བརྩི་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་ཐེངས་མང་ཐོན་པ་དང་། སྤུས་ཚད་ལས་དོན་དཔྱད་ཞིབ་བྱ་ཐབས་བཏོན་པ་དེ་ནི་ས་གནས་སྲིད་གཞུང་གིས་སྤུས་ཚད་ལས་དོན་ལ་མཐོང་ཆེན་བྱ་རྒྱུར་སྐུལ་མ་གཏོང་བ་དང་། དཔྱད་ཞིབ་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་དང་། ལས་གཞིའི་སྤུས་ཚད། སྤུས་ཚད་ཀྱི་སྤྱི་ཁོག་དོ་དམ། བདེ་འཇགས་ལྟ་སྐུལ་དོ་དམ། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཁག་ལྔ་ཚད་གཞིར་འཛིན་རྒྱུ་ཡིན་པ་དང་། དཔྱད་ཞིབ་ཀྱི་དཔྱད་རིམ་དེ་མཐོ་བ་ནས་དམའ་བའི་བར་རིམ་པ་བཞི་ལ་དབྱེ་ཡོད། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱི་སྤུས་ཚད་དོ་དམ་སིའི་སི་ཀྲང་གཞོན་པ་མ་སི་ཡུས་ནས་གལ་ཏེ་སན་ལུའུ་རྟགས་ཅན་གྱི་འོ་ཙམ་ལྟ་བུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་ཐོན་ཚེ། ཆོད་སློག་བྱས་ཏེ་ཐད་ཀར་སྤུས་ཚད་ཞན་ཤོས་ལ་དཔྱད་འདེམས་བྱ་རྒྱུ་དང་། ཆོད་སློག་བྱེད་པའི་ཚད་གཞི་དེ་ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་ཐོན་པར་དཔྱད་ཞིབ་བྱས་པའི་མཇུག་འབྲས་ཚང་མ་རིམ་པ་བཞི་པར་འཇོག་རྒྱུ་རེད་ཅེས་གསུངས་པ་རེད། ལོ་ལྟར་སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཕྱི་ལོའི་སྤྱི་ཟླ6པའི་ཚེས30ཉིན་བར་དཔྱད་ཞིབ་བྱེད་པའི་ལོ་འཁོར་མོར་བརྩིས་ཏེ། དཔྱད་ཞིབ་དེ་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱི་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་ལས་དོན་པུའུ་དང་པུའུ་བར་གྱི་ལྷན་བཞུགས་གྲོས་ཚོགས་ཀྱི་ཁོངས་གཏོགས་ཚན་པ17དང་འབྲེལ་ཡོད་རིགས་གཅིག་མཁས་པས་མཉམ་དུ་ལེགས་སྒྲུབ་བྱ་རྒྱུ་དང་། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱི་སྤུས་ཚད་དོ་དམ་སིའི་སི་ཀྲང་ཐན་ཧྲེ་ཧོང་གིས་དཔྱད་ཞིབ་ལས་དོན་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་ཞིབ་དཔྱད་བར་ཐད་ཀར་འབྲེལ་བ་ཡོད། སྤུས་ཚད་ལས་དོན་དང་དཔོན་རིགས་ཀྱི་གོ་གནས་བར་འབྲེལ་བ་བྱ་རྒྱུ་དང་།

དཔྱད་ཞིབ་མཇུག་འབྲས་དེ་འགོ་ཁྲིད་ཚན་པ་དང་། འགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་ནང་དོན་ལ་བརྩི་རྒྱུ་དང་། འགོ་ཁྲིད་ཚན་པ་འཛུགས་སྐྱོང་དང་། འགོ་ཁྲིད་ལས་བྱེད་པ་འདེམས་པ་དང་། བཀོལ་སྤྱོད། གསོ་སྐྱོང་། སློབ་གསོ། ལྟ་སྐུལ་དོ་དམ། སྐུལ་ལྕག་ཚོད་འཛིན་བཅས་ཀྱི་གཞི་འཛིན་སར་བརྩིས་ཏེ། སྤུས་ཚད་དོན་རྐྱེན་ལ་བརྟག་དཔྱད་དང་འགན་ཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག