མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་རྒྱལ་ཡོངས་ས་འོག་ཆུའི་ལྟ་ཞིབ་ཚད་ལེན་དྲ་བ་གཞི་རྩའི་ཆ་ནས་བཙུགས་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ས་ཚུགས24417བཙུགས་ཟིན་པ་དང་གཙོ་བོ་བྱང་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས18ལ་གཅིག་འདུས་བྱས་ཡོད་པ་དང་དེའི་ནང་ལྟ་ཞིབ་ཚད་ལེན་ས་ཚུགས10%ལ་དུས་གཅིག་ཏུ་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཡོད་པ་དང་རྒྱལ་ཡོངས་ས་འོག་ཆུ་ལྟ་ཞིབ་ཚད་ལེན་ས་ཚུགས་ཐོག་མའི་ཆ་ནས་བཙུགས་ཟིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ལས་གཞིའི་ནང་རྒྱལ་ཁབ་རིམ་་པའི་ས་འོག་ཆུའི་ཆ་འཕྲིན་རང་འགུལ་འཚོལ་བསྡུ་དང་བརྒྱུད་གཏོང་མ་ལག་དང་ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་བེད་སྤྱོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུུ་དང་ས་འོག་ཆུ་ལྟ་ཞིབ་ཚད་ལེན་ལྟེ་གནས་འཛུགས་སྐྲུན། རྒྱལ་ཁབ་རིམ་པའི་ས་འོག་ཆུ་ལྟ་ཞིབ་ཚད་ལེན་ས་ཚུགས་འཛུགས་སྐྲུན་བྱེད་པའི་གཞི་ཁྱོན་དང་མཐུན་པའི་ཞིང་ཆེན་དང་ས་ཁུལ་རིམ་པའི་ས་འོག་ཆུ་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག