མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མཚོ་འགག་གཡས་གཡོན་གཉིས་པོའི་ཐུན་མོང་འགན་འཁྲི་ཡིན་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུས་སྤྱི་ཟླ6པའི་ཚེས7ཉིན་སྐོང་ཚོགས་བྱས་པའི་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཐེ་དབན་ས་ཁུལ་གྱི་འགོ་ཁྲིད་པ་མ་དབྱིང་ཅིའུ་ཡིས་ཏེའོ་ཡུད་ཏའོ་གླིང་ཕྲན་གྱི་བདག་དབང་གནད་དོན་ཐད། ལྗར་པན་དང་། ཐེ་དབན། སྐམ་ས་ཆེན་མོ་བཅས་ཀྱིས་རྩོད་གཞི་མཚམས་འཇོག་བྱས་ནས། ཐོན་ཁུངས་གསར་སྤེལ་སོགས་ཀྱི་ཐད་ཕྱོགས་གསུམ་པོའི་སྐད་ཆ་ཤོད་རེས་བྱ་རྒྱུའི་གྲོས་གཞི་བཏོན་ཡོད། སྐམ་ས་ཆེན་མོའི་ཕྱོགས་ནས་དེའི་ཐད་རྣམ་འགྱུར་གང་འདྲ་ཞིག་འཛིན་གྱི་ཡོད་དམ་ཞེས་དྲིས་པར།

ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧོང་ལེ་ཡིས། ཏའེ་ཡུད་ཏའོ་གླིང་ཕྲན་དང་དེའི་ཁོངས་གཏོགས་ཀྱི་གླིང་ཕྲན་ནི་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན། ཏའེ་ཡུད་ཏའོ་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་གྱི་བདག་དབང་དང་ཤར་རྒྱ་མཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ནི་ཀྲུང་གོའི་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་ནི་མཚོ་འགག་གཡས་གཡོན་གཉིས་པོའི་ཐུན་མོང་འགན་འཁྲི་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག