མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞ་མོན་གྲོང་ཁྱེར་གྱིས་རླངས་འཁོར་འབར་གས་དོན་རྐྱེན་གྱི་ཉེས་དོན་གྱོད་གཞིའི་སྐོར་བརྡ་ཁྱབ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞ་མོན་གྲོང་ཁྱེར་གྱིས་སྤྱི་ཟླ6པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ50ཡི་ཐོག་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཞ་མོན་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དང་། གྲོང་ཁྱེར་འགྲིམ་འགྲུལ་ཅུའུ། གྲོང་ཁྱེར་འཕྲོད་བསྟེན་ཅུའུ། གྲོང་ཁྱེར་སློབ་གསོ་ཅུའུ། གྲོང་ཁྱེར་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ཅུའུ་བཅས་ཀྱིས། སྤྱི་ཟླ6པའི་ཚེས7ཉིན་ཐོན་པའི་མྱུར་བགྲོད་སྤྱི་སྤྱོད་རླངས་འཁོར་འབར་གས་བྱས་པའི་དོན་རྐྱེན་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བཏབ་ཡོད་པ་རེད།

གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད18དང་སྐར་མ20ཙམ་གྱི་ཐོག ཤ་མོན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་འགྲུལ་བསྐྱོད་བྱེད་སྐབས་གློ་བུར་དུ་མེ་འབར་ཏེ་ཁྱོན་མི47རྐྱེན་ལམ་དུ་ཤོར་བ་དང་། མི34རྨས་སྐྱོན་ཕོག་སྟེ་སྨན་ཁང་ལ་ལུས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུ་བཏོན་སྟེ་མྱུར་སྐྱོབ་བྱས་ཡོད་པ་རེད། རྩད་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། མེ་འབར་བའི་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་ལོར་སྐྱོན་ཤོར་མེད་ལ། སྣུམ་དམ་ལ་ཡང་སྐྱོན་གང་ཡང་ཤོར་མེད་པ་དང་། གནས་ཚུལ་ཐོན་ཁུལ་ནས་རྙེད་པའི་འབར་ཕན་དངོས་པོར་བརྟག་དཔྱད་བྱས་པ་བརྒྱུད་རླངས་སྣུམ་ཡིན་པ་ཤེས་རྟོགས་བྱུང་ཡོད། ཡིན་ནའང་སྤྱི་སྤྱིད་རླངས་འཁོར་གྱི་སྣུམ་ནི་ཁྲེ་ཡུ་སྣུམ་ཡིན་པས། བདེ་འཇགས་ཐོན་སྐྱེད་དོན་རྐྱེན་མིན་པ་གཏན་འཁེལ་བྱུང་ཡོད་པ་དང་། ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་ཉེས་དོན་གྱོད་གཞི་ཚབས་ཆེན་ཞིག་ཡིན་པ་གཏན་འཁེལ་བྱུང་ཡོད་པ་རེད།

ཞ་མོན་གྲོང་ཁྱེར་འཕྲོད་བསྟེན་ཅུད་ཀྱི་ཅུད་ཀྲང་གཞོན་པས་ངོ་སྤྲོད་གནང་བར་གཞིགས་ན། དོན་རྐྱེན་ཐོན་རྗེས་སྲོག་སྐྱོབ་རླངས་འཁོར7མངགས་གཏོང་བྱས་ཡོད་པ་དང་། སྨན་ཁང་གཉིས་ཀྱིས་བསྡོམས་པས་རྨས་མ34ཉར་བཅོས་བྱས་པའི་ནང་། སྨན་ཁང་ཨང་དང་པོར་སྐྱོབ་བཅོས་བྱེད་རྒྱུར་སྐྱེལ་བའི་རྨས་མ16ཁྲོད་མི8ལ་རྨས་སྐྱོན་ཚབས་ཆེན་པོ་ཕོག་ཡོད་པ་དང་། སྨན་ཁང་ཨང174རུ་སྐྱོབ་བཅོས་བྱེད་རྒྱུར་སྐྱེལ་བའི་མི18ཁྲོད་མི8ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། མིག་སྔར། རྨས་སྐྱོན་ཕོག་མཁན་ཁྲོད་མི་ཤི་བའི་གནས་ཚུལ་ཐོན་མེད་པ་དང་། གོང་བསལ་སྨན་ཁང་གཉིས་པོས་རྨས་མའི་ནང་མིའི་བློ་འདྲི་ཚོགས་ཆུང་བཙུགས་ཟིན་ཡོད་པ་རེད། དོན་རྐྱེན་ཐོན་པའི་མྱུར་བགྲོད་རླངས་འཁོར་དེ་སྤྱི་ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད6དང་སྐར་མ40ཡི་ཐོག་འགྲུལ་བསྐྱོད་བྱེད་རྒྱུ་སླར་གསོ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག