མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འགན་བཅོལ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་འགྲེལ་བཤད་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསྡོམས་རྩིས་ལས་མངོན་པར། རང་རྒྱལ་དུ་ཉེ་བའི་ལོ་ཤས་རིང་འགན་བཅོལ་རྩོད་གཞིའི་གྱོད་གཞི་ཐོན་ཚད་མང་དུ་འགྲོ་བཞིན་ཡོད་པ་དང་། ན་ནིང་ལོ་གཅིག་ཁོ་ནར་རིམ་ཁག་ཁྲིམས་ཁང་གིས་འགལ་བཅོལ་གན་རྒྱའི་རྩོད་གཞིའི་གྱོད་གཞི76000ལྷག་བདག་སྤྲོད་བྱས་ཤིང་། དེ་ནི་སྤྱི་ལོ2008ལོར་གྱོད་གཞི་བདག་སྤྲོད་བྱས་པའི་གྲངས་འབོར་གྱི་ལྡབ2.7ཟིན་པ་དང་། བྲིན་འཚོང་གི་ནོར་འཁྲུལ་དང་། སྐྱིན་ཚབ་སྤྲོད་པའི་གནད་དོན་ཐག་གཅོད་བྱེད་ཆེད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཟླ6པའི་ཚེས7ཉིན་འགན་བཅོལ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་འགྲེལ་བཤད་ཁག་གཉིས་པ་ཁྱབ་བསྒྲགས་བྱས་ཤིང་། དེར་ཁྱོན་བསྡོམས་དོན་ཚན21ཡོད་པ་དང་། སྤྱི་ཟླ6པའི་ཚེས8ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག