མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པུའུ་གསུམ་གྱིས་མཐོ་རིམ་སློབ་ཐོན་སློབ་མའི་ལས་འཚོལ་ཁ་གསབ་སྤྲོད་པའི་ལས་ཀ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-08 10:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་སྤྱི་ཟླ6པའི་ཚེས6ཉིན་ཕྱི་ཕྱོགས་སུ་འབྲེལ་ཡོད་བརྡ་ཐོ་བཏང་ནས། སྤྱི་ལོ2013ལོ་ནས་བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་མཁན་ཁྱིམ་ཚང་ལ་མཐོ་རིམ་སློབ་གྲྭ་སློབ་ཐོན་བྱེད་པའི་ལོ་དེར་ཐེངས་གཅིག་རང་བཞིན་གྱི་ལས་ཀ་འཚོལ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་པ་རེད། པུའུ་གསུམ་གྱི་བརྡ་ཐོ་དེར་གཞིགས་ན། ཁ་གསབ་རོགས་དངུལ་སྤྲོད་ཡུལ་ནི་སློབ་ཐོན་གྱི་ལོ་དེར་ལས་ཞུགས་བྱེད་འདོད་ཡོད་པ་མ་ཟད་ལས་ཀ་ཧུར་ཐག་འཚོལ་མཁན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་མཁན་ཁྱིམ་ཚང་གི་མཐོ་རིམ་སློབ་ཐོན་སློབ་མ་ཡིན་པ་རེད། ཁ་གསབ་ཚད་གཞི་དེ་ཞིང་ཆེན་རིམ་པའི་ནོར་སྲིད་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པའི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག