མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧི་པེ་ཞིང་ཆེན་གྱི་ཧན་ཏན་ས་ཁུལ་དུ་ལོ་ཏོག་བསྡུ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:41

111.jpg

 སྤྱི་ཟླ6པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧི་པེ་ཞིང་ཆེན་གྱི་ཧན་ཏན་ས་ཁུལ་དུ་ལོ་ཏོག་བསྡུ་བི་གནས་ཚུལ་ལ་རྟོག་ཞིབ་མཛད།

222.jpg

སྤྱི་ཟླ6པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧི་པེ་ཞིང་ཆེན་གྱི་ཧན་ཏན་ས་ཁུལ་དུ་ལོ་ཏོག་བསྡུ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས7ཉིན་ཧི་པེ་ཞིང་ཆེན་གྱི་ཧན་ཏན་ས་ཁུལ་དུ་ལོ་ཏོག་བསྡུ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད། ལིས་ཁི་ཆང་ཧན་ཏན་གྲོང་ཁྱེར་གྱི་ཕེ་པོ་ཏུང་སྡེ་བའི་ཞིང་ཁར་ཕེབས་ནས་ལོ་ཏོག་སྐྱེས་ཚད་ལ་ཞིབ་གཟིགས་གནང་བར་མ་ཟད། མཉམ་འབྲེལ་བརྔ་སྡུད་འཕྲུལ་ཆས་སྟེང་དུ་བུད་དེ་འཕྲུལ་ཆས་ཀྱི་ཁ་ལོ་བ་བརྒྱུད་ནས་ལོ་ཏོག་བསྡུ་བའི་གནས་ཚུལ་རྒྱུས་ལོན་མཛད། ཁོང་གིས་ལོ་ཏོག་བསྡུ་བའི་ཞིང་བ་མང་ཚོགས་ལ་གསུངས་རྒྱུར། ཉིན་འདི་འགར་ཆར་འབབ་རྒྱུ་མང་བས་མྱུར་དུ་ལོ་ཏོག་བསྡུས་ནས་འབྲུ་རྡོག་གཅིག་ཀྱང་ཆུད་ཟོས་སུ་གཏོང་མི་རུང་ཟེར། ལིས་ཁི་ཆང་གིས་ད་དུང་ས་གནས་ཀྱི་ཞིང་བ་མང་ཚོགས་བརྒྱུད་ནས་ལོ་ཏོག་འདེབས་ཚུལ་དང་ཞིང་ཁའི་དོ་དམ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་མཛད། ཁོང་གིས་གསུངས་རྒྱུར། ལོ་ཏོག་འདེབས་སྐབས་སྤུས་ལེགས་ས་བོན་འདེམ་དགོས་པ་དང་ཚན་རིག་དང་མཐུན་པར་ཞིང་ཁའི་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག