མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་གློག་རིན་གྱི་རིགས་དབྱེ་བའི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-08 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས6ཉིན་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་རིམ་བཞིན་གློག་རིན་གྱི་རིགས་དབྱེ་བའི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་། རིགས་ཁག་གི་གློག་རིན་བེད་སྤྱོད་ཁྱབ་ཁོངས་ཚད་ལྡན་དང་། འོས་འཚམ་སྒོ་ནས་གྲོང་མིའི་འཚོ་བ་དང་ཞིང་ལས་ཐོན་སྐྱེད་ཀྱི་གློག་བེད་སྤྱོད་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཕན་བདེ་ཁང་དང་། གྲོང་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཞབས་ཞུའི་སྒྲིག་བཀོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྡོད་ཁུལ་གྱི་སྤྱི་སྤྱོད་གཞོར་གཏོགས་སྒྲིག་ཆས། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཐོན་སྐྱེད་ཚན་པའི་འཇལ་ཚད་གཅིག་ནང་གི་གློག་རིན་ལོ་གཅིག་ལ་སྒོར་དུང་ཕྱུར30ཡང་དུ་གཏོང་རྒྱུ་ཡིན་པ་རེད།

གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཡིག་ཆ་གཤམ་སྤེལ་བྱས་ནས། གློག་རིན་གྱི་རིགས་དབྱེ་བའི་གྲུབ་ཆ་རིམ་བཞིན་ལེགས་སྒྲིག་བྱས་ནས། ད་ལྟའི་གཙོ་བོ་ལས་རིགས་དང་བེད་སྤྱོད་བྱེད་སར་གཞིགས་ནས་རིགས་དབྱེ་བ་དེ་རིམ་བཞིན་གློག་བེད་སྤྱོད་བྱེད་ཚད་ལ་གཞིགས་ནས་རིགས་དབྱེ་དགོས་པ་དང་། ད་ལྟའི་གྲོང་མིའི་འཚོ་བ་དང་གྲོང་མིའི་གློག་མིན་པ། ཚོང་ལས། བཟོ་ལས་མིན་པ། སྤྱིར་བཏང་བཟོ་ལས། བཟོ་ལས་ཆེ་བ། ཞིང་ལས་ཐོན་སྐྱེད་ཀྱི་གློག་རིན་སོགས་གློག་རིན་རིགས་ཆེ་གྲས་བརྒྱད་དེ་དག་རིམ་བཞིན་གྲོང་མིའི་འཚོ་བ་དང་། ཞིང་ལས་ཐོན་སྐྱེད། བཟོ་ཚོང་ལས་རིགས། དེ་བཞིན་གཞན་གྱི་གློག་བེད་སྤྱོད་ཀྱི་གློག་རིན་བཅས་རིགས་གསུམ་ལ་དབྱེ་དགོས་པ་དང་། རིགས་ཚང་མ་གློག་བེད་སྤྱོད་བྱེད་ཚད་ལ་གཞིགས་ནས་ཡང་བསྐྱར་རིགས་དབྱེ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག