ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས6ཉིན་ཁྱབ་བསྒྲགས་བྱས་པར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་འཁྱུང་འབྲུག་དང་། མེ་རིས། རླབས་རིས་བཅས་ཀྱིས་གཙོ་བོ་བྱས་པའི་རི་མོ་ཡིན་པ་དང་། དཔལ་འབར་བརྒྱུད་སྤྲོད་ཀྱི་བརྗོད་བྱ་གཙོ་བོའི་འབོད་ཚིག་ནི་ཀྲུང་གོའི་ཕུགས་འདུན་བརྒྱུད་སྤྲོད་བྱེད་ཅེས་པ་དེ་ཡིན་ཞིང་། མེ་ལེན་ས་དེ་ལེའོ་ཉིང་ཞིང་ཆེན་ཞིང་ཏ་ལེན་གྲོང་ཁྱེར་ལུའི་ཧྲུན་ཁའུ་ལའོ་ཐད་ཧྲན་དུ་ཡིན་པ་རེད། །