མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མའོ་ཞི་ཁོ་གྲོང་ཁྱེར་གྱི་ཧྲིན་ཀྲང་མན་སེ་ལ་ཡིས་གནང་བའི་གྲོང་ཁྱེར་གྱི་ལྡེ་མིག་དང་ལེན་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས5ཉིན་མའོ་ཞི་ཁོ་གྲོང་ཁྱེར་གྱི་ཧྲིན་ཀྲང་མན་སེ་ལ་ཡིས་གནང་བའི་གྲོང་ཁྱེར་གྱི་ལྡེ་མིག་དང་ལེན་མཛད།

མའོ་ཞི་ཁོ་གྲོང་ཁྱེར་སྲིད་གཞུང་གི་ཐོག་ཁང་ཆེན་མོའི་མདུན་དུ་ལྡེ་མིག་གནང་བའི་མཛད་སྒོ་བསྡུས་པ་དང་། ཞི་ཅིན་ཕེན་གྱིས་མན་སེ་ལ་ཡི་ལག་ཏུ་མའོ་ཞི་ཁོ་གྲོང་ཁྱེར་གྱི་ལྡེ་མིག་དང་མཛད་རྗེས་རྟགས་མ། གྲོང་ཁྱེར་སྡོད་དམངས་ཀྱི་མཚན་སྙན་དཔང་ཡིག་བཅས་དང་ལེན་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མའོ་ཞི་ཁོ་གྲོང་ཁྱེར་གྱིས་བདག་ལ་གྲོང་ཁྱེར་གྱི་ལྡེ་མིག་གནང་བ་དེ་ལས་མའོ་ཞི་ཁོ་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་བའི་མཛའ་བཤེས་མཚོན་ཡོད་པ་དང་། མའོ་ཞི་ཁོ་གྲོང་ཁྱེར་ནི་ཀྲུང་གོ་དང་མའོ་ཞི་ཁོའི་བར་མཛའ་མཐུན་འགྲོ་འོང་བྱེད་པའི་བདེན་དཔང་མཁན་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་སྣོན་པ་དང་། གྲོང་ཁྱེར་འཕེལ་རྒྱས་དང་དོ་དམ་སོགས་ཕྱོགས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག