མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པོ་ཨེར་སིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:27

02.jpg 

          སྤྱི་ཟླ6པའི་ཚེས5ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པོ་ཨེར་སིན་ལ་མཇལ་འཕྲད་གནང་། 
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས5ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པོ་ཨེར་སིན་ལ་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀས་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་གསར་བ་འཛུགས་པར་བརྩོན་ལེན་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་འགྱངས་བར་ཙུང་ཐུང་ཨོ་པ་མཱ་དང་གླེང་མོལ་མཛད་རྒྱུ་ཡིན་པས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཁྱབ་ཁོངས་ཁག་དང་མཉམ་ལས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་མཉམ་ལས་ཟབ་མོ་བྱེད་པར་ཡར་སྐུལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་དྲང་བཞག་གི་འགྲན་རྩོད་དང་གཉིས་ཕན་མཉམ་རྒྱལ་གྱི་ཁོར་ཡུག་ཅིག་བསྐྲུན་འདོད་ཡོད་ཅེས་གསུངས། ལིས་ཁི་ཆང་གིས་ད་དུང་ཀྲུང་གོ་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་གནས་ཚུལ་མཚམས་སྦྱོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག