མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་མའོ་ཞི་ཁོ་ནས་ཨ་མེ་རུ་ཁར་ཕེབས་ནས་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་མཛད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས6ཉིན་མའོ་ཞི་ཁོ་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་ཏེ། ཨ་མེ་རུ་ཁའི་ཅ་ལིས་ཧྥུའུ་ཉིས་ཡ་ཀྲིག་ལ་ཕེབས་ནས་ཨ་མེ་རུ་ཁའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་མཛད་རྒྱུ་རེད།

ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་གཙོའི་གྲོས་མོལ་དེ་སྤྱི་ཟླ6པའི་ཚེས7དང་ཚེས8ཉིན་གཉིས་ལ་ཨ་མེ་རུ་ཁའི་ཅ་ལིས་ཧྥུའུ་ཉིས་ཡ་ཀྲིག་གི་ཨན་ན་པོ་ཀི་གཞིས་ཀ་ནས་བྱེད་རྒྱུ་ཐག་བཅད་པ་དང་། ཞི་ཅིན་ཕེན་དང་ཨོ་པ་མ་རྣམ་གཉིས་ཀྱིས་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱེད་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་མེ་རུ་ཁས་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། ཀྲུང་གོ་དང་ཨ་མེ་རུ་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་ཐད་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་འདོན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག