མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱང་གིས་ས་གནས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་དང་ལྟ་སྐུལ་དོ་དམ་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད་པ་རེད།

ཁོང་གིས། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། དམངས་ཀྱི་འཚོ་བ་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པས། དོན་ཆེན་གཙོ་བོར་བཞག་སྟེ་དམ་འཛིན་བྱེད་དགོས་པ་དང་། ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཁག་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་ཀྱི་ཟས་རིགས་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་མཛུབ་འཁྲིད་བསམ་འཆར་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ས་གནས་ཀྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་བསྒྱུར་བཅོས་དང་འགན་ནུས་བརྗེ་བསྒྱུར་གྱི་སྐུལ་འདེད་མགྱོགས་སུ་གཏོང་བ། ཐོན་སྐྱེད་དང་། འཁོར་རྒྱུག མཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པའི་ལྟ་སྐུལ་དོ་དམ་ལམ་ལུགས་དོ་ནན་ཤོས་འཛུགས་པ། ཟས་རིགས་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་དེ་སྤྱི་ཚོགས་ཧྲིལ་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་ཞིག་གཏོད་དེ་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལས་དོན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག