མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་སྔར་སྨིན་ཆུ་འབྲས་ལ་ནད་འབུ་མང་བའི་སྐབས་ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་པུས་ཉིན་ཤས་གོང་ཅང་ཞི་ནན་ཁྲང་དུ་སྐོང་འཚོག་བྱས་པའི་རྒྱལ་ཡོངས་ཀྱི་སྔར་སྨིན་ཆུ་འབྲས་ཀྱི་ནད་འབུ་འགོག་བཅོས་ལས་དོན་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔར། རྒྱལ་ཡོངས་ཀྱི་སྔར་སྨིན་ཆུ་འབྲས་མང་ཆེ་བ་སྙེ་ཚིག་དོན་བཞིན་ཡོད་པ་དང་ཧྭ་ལྷོའི་ལྷོ་ངོས་ཆུ་འབྲས་འདེབས་ཁུལ་དུ་འབྲས་སྙེ་ཐོན་པའི་དུས་ལ་སླེབས་ཡོད་ཅིང་དེ་ནི་ཐོན་ཚད་སྒྲུབ་རྒྱུའི་འགག་རྩའི་དུས་ཚོད་ཡིན་ལ་ཆུ་འབྲས་ཀྱི་ནད་འབུ་ཐོན་ཚད་མང་བའི་དུས་རིམ་ཀྱང་ཡིན་པ་དང་སྤྱི་ཟླ6པའི་ཚེས3ཉིན་བར། རྒྱལ་ཡོངས་སུ་ཆུ་འབྲས་ལ་ནད་འབུ་ཐོན་ཚད་རིམ་རྩིས་བྱས་ན་མུའུ་བྱེ་བ9.5ཟིན་གྱི་ཡོད་པ་རེད།

ཞིང་ལས་པུའི་འབྲེལ་ཡོད་འགན་འཁུར་བས། མིག་སྔ་ནི་ནད་འབུའི་གནོད་འཚེ་ཕོག་ནས་གནོད་འཚེ་བཟོ་བའི་དུས་ཚོད་ཡིན་ལ་གནོད་འཚེ་ཚོད་འཛིན་ནུས་ལྡན་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས་ས་གནས་ཁག་གི་རྩི་ཤིང་སྲུང་སྐྱོབ་སྡེ་ཁག་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་བཟུང་ནས་འགག་རྩའི་ལྷུ་ཚིག་དམ་འཛིན་གྱིས་འགོག་བཅོས་ཡག་པོ་བྱེད་པ་དང་། སྦག་བཙོག་མེད་པའི་སྔོན་འགོག་ཚོད་འཛིན་དང་ཆེད་ལས་ཅན་གྱི་གཅིག་གྱུར་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩི་ཤིང་སྲུང་སྐྱོབ་ལག་རྩལ་གྱིས་གྱོང་རྒུན་ཉུང་དུ་གཏོང་བ་དང་ཐོན་བབ་འགན་ལེན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྔར་སྨིན་ཆུ་འབྲས་ཀྱི་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག