མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུའུ་ནས་རྒན་གསོའི་ལས་ཁུངས་འཛུགས་ཐབས་སྐོར་གྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ6པའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་ནས་ཤེས་རྟོག་བྱུང་བར། དམངས་སྲིད་པུའུ་ནས་འཆར་ཟིན་བཀོད་པའི་རྒན་གསོའི་ལས་ཁུངས་འཛུགས་རྒྱུར་ཆོག་མཆན་སྤྲོད་ཐབས་སྐོར་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ཞེས་པ་དང་། རྒན་གསོའི་ལས་ཁུངས་དོ་དམ་བྱ་ཐབས་ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ཞེས་པ་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་ཐོག་ཁ་ཕྱོགས་ནས་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ་རེད། སྤྱི་དམངས་ནས་ཀྲུང་གོ་སྲིད་གཞུང་གི་ཁྲིམས་ལུགས་ཆ་འཕྲིན་དྲ་བའི་ཐོག་བསམ་འཆར་འདོན་ཆོག་པ་དང་། བསམ་འཆར་འདོན་རྒྱུའི་དུས་བཀག་ནི་སྤྱི་ལོ2013ལོའི་སྤྱི་ཟླ6པའི་ཚེས23ཉིན་བར་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག