མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་མུ་མཐུད་གཙོ་གནད་མཐོ་རིམ་སློབ་གྲྭར་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའི་དྲ་ཚིགས་ཐོག་ནས་ཟུར་གསལ་བྱས་པར་གཞིགས་ན། སྤྱི་ལོ2013ལོར་རང་རྒྱལ་གྱིས་མུ་མཐུད་གཙོ་གནད་མཐོ་རིམ་སློབ་གྲྭར་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ན་ནིང་གཅིག་བསྡུས་དང་ཡུག་ཅིག་ཏུ་འབྲེལ་བའི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ནས་གཙོ་གནད་མཐོ་རིམ་སློབ་གྲྭར་སློབ་མ་ཁྲི1བསྡུས་ཡོད་པ་དང་ད་ལོ་སློབ་མ་ཁྲི3བར་མང་དུ་གཏོང་བརྩིས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གཞི་ཁྱོན་ཆེ་རུ་གཏོང་བ་ཕུད། ད་ལོ་ད་དུང་སློབ་བསྡུའི་ས་ཁོངས་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་དེའང་། དེ་སྔའི་རྫོང680ནས་རྫོང་832བར་རྒྱ་ཆེ་རུ་གཏོང་རྒྱུ་དང་། དེ་བཞིན་གྲོང་གསེབ་ཀྱི་སློབ་མ་གཙོ་གནད་སློབ་ཆེན་ལ་ཚུད་པའི་བསྡུར་ཚད་དམའ་བའི་ཞིང་ཆེན་བར་རྒྱ་ཆེར་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག