མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་རྒྱང་ཚོར་སྲུང་སྐར་གྱི་ས་ངོས་ས་ཚུགས་ཁྱོན་ཡོངས་ནས་སྐྲུན་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ6པའི་ཚེས5ཉིན་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཚན་རིག་ཁང་གི་སན་གཡག་སྲུང་སྐར་བསྡུ་ལེན་ས་ཚུགས་བཙུགས་ཟིན་པ་དང་བསྟུན་ནས། རང་རྒྱལ་གྱི་རྒྱང་ཚོར་སྲུང་སྐར་གྱི་ས་ངོས་ས་ཚུགས་ཀྱི་སྨི་ཡུན་དང་། ཁ་ཧྲེ། སན་གཡག་བཅས་ས་ཚུགས་གསུམ་དྲ་སྦྲེལ་བྱེད་རྒྱུ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། རྒྱལ་ཡོངས་ས་ཁོངས་ཁྱོན་ཡོངས་ལ་ཁྱབ་པའི་སྲུང་སྐར་གྱི་ས་ངོས་བསྡུ་ལེན་ས་ཚུགས་དྲ་བ་ཞིག་ཆགས་ཡོད་པ་རེད།

རྒྱང་ཚོར་སྲུང་སྐར་གྱི་ས་ངོས་ས་ཚུགས་བེད་སྤྱོད་བཏང་བ་དེས། རང་རྒྱལ་གྱི་བར་ཁམས་རྒྱང་ཚོར་ཁྱབ་ཁོངས་ཀྱི་གྲངས་གཞིའི་འབྱུང་ཁུངས་བསྡུ་རུབ་བྱེད་ས་མེད་པའི་སྟོང་ཆ་སྐོང་བ་དང་། རང་རྒྱལ་གྱི་རྒྱང་ཚོར་ནུས་པ་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ལ། ས་ཆ་བེད་སྤྱོད་དང་། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག ཐོན་ཁུངས་ཁོར་ཡུག་བརྟག་དཔྱད། ལས་གཞི་ཆེ་གྲས་འཆར་འགོད་སོགས་ཀྱི་ཐད་ཕན་འབྲས་མངོན་བསལ་དོད་པོ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག