མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མའོ་ཞི་ཁོའི་གྲོས་ཞུགས་ཁང་དུ་ཁ་ཡིག་ལ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་མ་འོངས་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:19

132435690_41n.jpg

  སྤྱི་ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མའོ་ཞི་ཁོའི་གྲོས་ཞུགས་ཁང་དུ་ཁ་ཡིག་ལ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་མ་འོངས་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས5ཉིན་མའོ་ཞི་ཁོའི་གྲོས་ཞུགས་ཁང་དུ་ཁ་ཡིག་ལ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་མ་འོངས་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་མའོ་ཞི་ཁོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་སྐབས་ཕྱོགས་གཉིས་ཀྱི་མཉམ་ལས་ཇེ་མང་དུ་གཏོང་དགོས་བར་མ་ཟད་འཛམ་གླིང་ཡོངས་ལ་ཁ་ཕྱོགས་དགོས་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་བཟང་བོ་བྱེད་པ་དང་མ་འོངས་བ་གསར་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་འཐས་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་དགོས་ཟེར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་འབྲེལ་བ་དེ་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་གལ་ཆེན་ཏུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་རྒྱང་རིང་ལ་དམིགས་ཤིང་བབ་བསྟུན་མདུན་སྐྱོད་བྱས་ནས། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མའོ་ཞི་ཁོ་ནི་ལ་ཏེན་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་མའོ་ཞི་ཁོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་དེས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་འདོན་ངེས་ཡིན། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ནི་སྒོ་འབྱེད་ཀྱི་འཕེལ་རྒྱས་དང་བཟོད་སྒོམ་གྱི་འཕེལ་རྒྱས། མཉམ་ལས་ཀྱི་འཕེལ་རྒྱས། མཉམ་རྒྱལ་གྱི་འཕེལ་རྒྱས་བཅས་ཡིན། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་གྲོགས་པོའི་འབྲེལ་བས་ཕྱོགས་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་ཕན་པ་ཡོད་ཟེར།

  ཞི་ཅིན་ཕེན་གྱིས་མཇུག་མཐར་གསུངས་རྒྱུར། ཀྲུང་གོས་མ་འོངས་བའི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་པས། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་རེ་འདུན་ཆེན་པོ་དེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མའོ་ཞི་ཁོའི་འབྲེལ་བ་མ་འོངས་བར་འཕེལ་རྒྱས་སུ་གཏོང་བའི་རླབས་ཆེན་དམིགས་འབེན་གཏན་འཁེལ་བྱས་ཡོད་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་མའོ་ཞི་ཁོའི་འབྲེལ་བའི་མ་འོངས་བ་གསར་སྐྲུན་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག