མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕེས་ཉི་ཡ་དང་གླེང་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

111.jpg

ཚེས་ལྔ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕེས་ཉི་ཡ་དང་གླེང་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕེས་ཉི་ཡ་དང་གླེང་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་བསྟན་དོན། བདག་གིས་ཙུང་ཐུང་ཕེས་ཉི་ཡ་དང་གྲུབ་འབྲས་ལྡན་པའི་སྒོ་ནས་གླེང་མོལ་མཛད་དེ་བལྟ་བ་གཅིག་མཐུན་བྱུང་། ང་ཚོས་མཉམ་དུ་ཀྲུང་གོ་དང་མོ་ཞི་ཁོ་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་བཟུང་ནས། ཕན་ཚུན་བརྩི་སྲུང་དང་། ཕན་ཚུན་འདྲ་མཉམ། ལྷག་བསམ་རྣམ་དག་གི་སྒོ་ནས་མཉམ་ལས་བྱེད་པའི་སྙིང་སྟོབས་མཚོན་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་བར་ཡུན་རིང་མཛའ་མཐུན་ཡོང་བ་དེས་རྒྱལ་ཁབ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་ཡང་འཐབ་ཇུས་ཀྱི་ཚད་མཐོན་པོ་ནས་ཀྲུང་གོ་དང་མོ་ཞི་ཁོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། མོ་ཞི་ཁོ་རྒྱལ་ཁབ་ཀྲུང་གོའི་ལ་ཏེན་མེ་གླིང་གི་གྲོགས་པོ་བཟང་བོར་བརྩི་བཞིན་ཡོད། ང་ཚོས་མོ་ཞི་ཁོ་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་ཇེ་ཟབ་དུ་བཏང་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་སྲུང་སྐྱོང་བྱེད་པར་སྔར་ལས་བྱས་རྗེས་འཇོག་འདོད་ཡོད་ཟེར།

    ཕེས་ཉི་ཡ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕེན་མོ་སི་ཁོར་འཚམས་འདྲི་མཛད་པ་དེས་ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་བར་ཕན་ཚུན་ཡིད་ཆེས་དང་མཉམ་ལས། མཛའ་བཤེས་བཅས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་བསླེབ་པར་ཡར་སྐུལ་གཏོང་ཐུབ་ཟེར། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཡར་སྐུལ་བྱེད་པའི་ཐད་ལ་འབད་འཐབ་བྱས་པར་བཀའ་དྲིན་ཞུས། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མ་འོངས་བའི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ཤུགས་སྣོན་རྒྱུ་ཡིན་ཟེར།

    ཉིན་དེའི་ཕྱི་དྲོར། ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེས་ཉི་ཡ་དང་ལྕམ་མོ་བེས་ལ་རྣམ་གཉིས་ཀྱི་ཕེབས་རོགས་འོག ཧྥེས་ཏི་ལིས་ཁོ· ཀི་མའེ་སི་བྱིས་པའི་སྨན་ཁང་དུ་ཕེབས། ཕིན་ལིས་ཡོན་གྱིས་སྨན་ཁང་གི་མགོ་བས་མཚམས་སྦྱོར་བྱས་པར་ཉན་པ་མ་ཟད། ཨ་ཙི་ནད་བྱུང་ནས་སྨན་བཅོས་བྱེད་བཞིན་པའི་བྱིས་པ་རྣམས་ལ་འཚམས་འདྲི་ཞུས་ཏེ། བྱིས་པ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་ཤིང་། ཕིན་ལིས་ཡོན་གྱིས་ལིས་བེས་ལར་བཤད་རྒྱུར། སྤྱི་ཚོགས་ཡོངས་ཀྱིས་བྱིས་པ་རྣམས་ལ་ཐུགས་ཁུར་བྱེད་དགོས་པ་དང་། ནང་སྒོས་སུ་ནད་ཡོད་པའི་བྱིས་པ་རྣམས་ལ་གཟིགས་སྐྱོང་གནང་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པས། ང་ཚོས་བྱིས་པའི་བདེ་ཐང་འགན་སྲུང་བྱེད་པའི་ཐད་ལ་བརྗེ་རེས་མང་པོ་བྱེད་ཆོག་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག