མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁྲིན་ཏུའུ་རྒྱུ་ནོར་འཛམ་གླིང་གླེང་སྟེགས་དང་འཛམ་གླིང་དབུ་བཞུགས་དཔོན་རིགས་ཨུ་ཡོན་ཚོགས་འདུ་ལ་ཞུགས་པའི་ཁེ་ལས་པའི་འཐུས་ཚབ་དང་གླེང་མོལ་མཛད་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

02.jpg

    ཟླ་དྲུག་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང2013ལོའི་རྒྱུ་ནོར་འཛམ་གླིང་གླེང་སྟེགས་དང་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་རིགས་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པའི་ཁེ་ལས་པའི་འཐུས་ཚབ་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང2013ལོའི་རྒྱུ་ནོར་འཛམ་གླིང་གླེང་སྟེགས་དང་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་རིགས་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པའི་ཁེ་ལས་པའི་འཐུས་ཚབ་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

    ཀྲུང་གོར་ཡོང་ནས་རྒྱུ་ནོར་གླེང་སྟེགས་དང་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་རིགས་ཨུ་ཡོན་ཚོགས་འདུར་ཞུགས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་ཁོངས་བརྒལ་བའི་ཀུང་ཟིའི་ཏུང་ཧྲི་ཀྲང་དང་། དབུ་བཞུགས་ལག་བསྟར་དཔོན་རིགས་བཅས་གཞུགས་མོལ་ཚོགས་འདུར་ཞུགས་ཏེ། རྒྱལ་ཁོངས་བརྒལ་བའི་ཀུང་ཟིའི་ཀྲུང་གོའི་གོ་སྐབས་དང་། རྒྱུན་སྲིང་འཕེལ་རྒྱས། ལག་རྩལ་གསར་བསྐྲུན། ཀྲུང་གོའི་དཔལ་འབྱོར་འཕར་སྟངས་སྒྱུར་བ། མཁར་གྲོང་ཅན་དང་། ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་སོགས་ཀྱི་ཐད་ནས་རང་རང་གི་ལྟ་བ་བརྗོད། ལིས་ཁི་ཆང་གིས་ཁེ་ལས་པ་རྣམས་དང་བརྗེ་རེས་ཟབ་མོ་བྱས་པ་དང་། ཁོ་ཚོས་བཏོན་པའི་གནད་དོན་ལ་ལན་བཏབས།

    ལིས་ཁི་ཆང་གིས་མགྲོན་པོར་ཀྲུང་གོའི་ད་ལྟའི་དཔལ་འབྱོར་གནས་བབ་མཚམས་སྦྱོར་བྱས་བར་མ་ཟད། ཁེ་ལས་པ་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་མཉམ་ལས་བྱེད་པའི་རྨང་གཞིའི་སྟེང་། མཉམ་ལས་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། མཉམ་ལས་མཉམ་རྒྱལ་གྱི་ཐབས་ལམ་གསར་བ་རྒྱ་བསྐྱེད་པ་དང་། སྒོས་སུ་ཚན་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁོངས་བརྒལ་བའི་ཀུང་ཟིའི་ཉམས་མྱོང་དང་ལག་རྩལ། བསམ་ཕྱོགས་བཅས་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་ལེགས་པོ་བྱེད་དགོས་པའི་སྐུལ་མ་གནང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག