མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕོ་ལན་རྒྱལ་ཁབ་དམངས་གྲོས་ཁང་གི་གྲོས་དཔོན་ཁོ་ཕ་ཆི་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

333.jpg

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕོ་ལན་རྒྱལ་ཁབ་དམངས་གྲོས་ཁང་གི་གྲོས་དཔོན་ཁོ་ཕ་ཆི་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕོ་ལན་རྒྱལ་ཁབ་དམངས་གྲོས་ཁང་གི་གྲོས་དཔོན་ཁོ་ཕ་ཆི་དང་གྲོས་མོལ་མཛད།

    ཀྲང་ཏི་ཅང་གིས་གསུང་རྒྱུར། ཕོ་ལན་ནི་འཛམ་གླིང་སྟེང་ཆེས་སྔ་མོ་ནས་ཁས་བླངས་བ་མ་ཟད་ཀྲུང་གོ་གསར་བ་བཙུགས་པའི་ཚུན་ལ་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ནང་གི་གཅིག་ཡིན། རྒྱལ་ཁབ་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྤྱིར་བཤད་ན་འཕེལ་རྒྱས་བྱུང་བ་བདེ་བླག་རེད། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བ་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་བསྐྱོད་པ་དང་། རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཙུང་ལི་བར་དུས་གཏན་འཁེལ་བྱས་ནས་གྲོས་མོལ་མཛད་པ་སོགས་ཀྱི་ནང་རྐྱེན་གལ་ཆེན་བཙུགས་ནས་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་ཡང་ཕོ་ལན་གྱི་སྲོལ་རྒྱུན་གྱི་མཛའ་བཤེས་གཙིགས་འཛིན་བྱེད་པ་དང་། ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བ་ཇེ་ཟབ་དུ་བཏང་ནས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་བར་གྱི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་གལ་ཆེན་བརྩི་སྲུང་དང་གཟིགས་སྐྱོང་བྱེད་དགོས་པ་དང་། དངོས་གཉེར་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ ། སྲོལ་རྒྱུན་གྱི་མཛའ་བཤེས་ཇེ་བརྟན་དུ་བཏང་ནསམཉམ་དུ་ཀྲུང་གོ་དང་ཕོ་ལན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐྱོན་བྲལ་ཞིང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན།

    ཁོ་ཕ་ཆི་ཡིས་བཤད་རྒྱུར། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་པ་དང་། ཕོ་ལན་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་མཛའ་མཐུན་འགྲོ་འོང་དང་དངོས་གཉེར་མཉམ་ལས་འབྲེལ་བར་ཤུགས་སྣོན་པ་དང་། བྱ་སྤྱོད་དངོས་ཀྱི་ཐད་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས། ས་གནས་སོགས་ཀྱི་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་འབྲེལ་བ་ཡར་སྐུལ་བྱས་ནས། ཕོ་ལན་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག