མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཕེ་ཉིས་ཡ་གཉིས་མཉམ་དུ་ཀྲུང་གོ་དང་མའོ་ཞི་ཁོའི་ཁེ་ལས་པའི་གྲོས་ཚོགས་ལ་ཞུགས་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་དྲུག་པའི་ཚེས་ལྔ་ཉིན་མའོ་ཞི་ཁོ་གྲོང་ཁྱེར་ནས་མའོ་ཞི་ཁོའི་ཙུང་ཐུང་ཕེ་ཉིས་ཡ་དང་ལྷན་དུ་ཀྲུང་གོ་དང་མའོ་ཞི་ཁོའི་ཁེ་ལས་པའི་གྲོས་ཚོགས་ལ་ཞུགས་ཏེ་ཤིས་ཚིག་ཕུལ། ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀའི་ཁེ་ལས་པས་འཐབ་ཇུས་ཀྱི་མཐོང་རྒྱར་བརྟེན་པ་དང་། མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་མའོ་ཞི་ཁོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་དང་མའོ་ཞི་ཁོ་ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་ཉམས་ལས་མཐུན་རྐྱེན་གྱི་རྨང་གཞིའི་སྟེང་། རིག་ལམ་དང་སྒྲུབ་སྟངས་གསར་སྐྲུན་བྱས་ཏེ། ནུས་ཁུངས་དང་གཏེར་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ལག་རྩལ་མཐོན་པོ་སོགས་ཁྱབ་ཁོངས་སུ་མ་དངུལ་མང་དུ་གཏོང་དགོས། ཕྱོགས་གཉིས་ཀས་ཕན་ཚུན་ལ་བརྩི་འཇོག་དང་། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལ་གཞིགས་ཏེ། ཉོ་ཚོང་གྲུབ་ཚུལ་ལེགས་སྒྲིག་བྱེད་རྒྱུ་དང་། གྲོས་མོལ་བརྒྱུད་དེ་ཕན་ཚུན་བར་གྱི་རྩོད་གཞི་ཐག་གཅོད་པ་དང་། ཕྱོགས་གཉིས་ཀའི་ཉོ་ཚོང་དོ་མཉམ་ངང་གོང་དུ་འཕེལ་བར་མཐུན་རྐྱེན་བསྐྲུན་དགོས། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་ཧུར་ཐག་གིས་ཁེ་ལས་བར་མཉམ་ལས་བྱེད་པའི་སྟེགས་བུ་བསྐྲུན་པ་དང་། དངུལ་གཏོང་དང་ཚོང་གཉེར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཕེ་ཉིས་ཡ་ཡིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་ནི་མའོ་ཞི་ཁོའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པས། མའོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་མའོ་ཞི་ཁོར་ཡོང་ནས་མ་དངུལ་གཏོང་བར་མཐུན་རྐྱེན་བསྐྲུན་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག