མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མའོ་ཞི་ཁོ་རྒྱལ་ཚོགས་ཀྱི་གྲོས་མི་ལ་མཇལ་གནང་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དྲུག་པའི་ཚེས5ཉིན་མའོ་ཞི་ཁོ་གྲོང་ཁྱེར་ནས་མའོ་ཞི་ཁོ་རྒྱལ་ཚོགས་རྒྱུན་གནས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨན་ན་ཡ་དང་། དམངས་གྲོས་ཁང་གི་གྲོས་དཔོན་ཨ་ལོ་ཡོ། གྲོས་ཁང་གོང་ཞོལ་ཆེད་དོན་ཨུ་ཡོན་ལྷན་སོ་སོའི་འགན་ཁུར་པ་བཅས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་མའོ་ཞོ་ཁོ་གཉིས་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་འཕྲད་ཡོད་པ་དང་། ང་དང་ཙུང་ཐུང་ཕེ་ཉིས་ཡ་གཉིས་ཀྱིས་ཀྲུང་གོ་དང་མའོ་ཞི་ཁོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཇེ་མཐོར་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་ལས། རྒྱལ་ཁབ་གཉིས་ཀས་མཉམ་དུ་ཡར་ཐོན་དང་། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བའི་མོས་འདུན་མཚོན་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་ཞེས་བསྟན།

ཞི་ཅིན་ཕེན་གྱིས་ཀྲུང་གོ་མའོ་ཞི་ཁོའི་འབྲེལ་བ་གོང་དུ་སྤེལ་བར་ཡར་སྐུལ་གཏོང་ན། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱི་རྒྱབ་སྐྱོར་དགོས། རེ་བ་ལ་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མའོ་ཞི་ཁོ་རྒྱལ་ཚོགས་བར་འགྲོ་འོང་ཟབ་མོ་དང་། ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱེད་པར་ཡར་སྐུལ་དང་། ཀྲུང་གོ་དང་མའོ་ཞི་ཁོའི་མཛའ་མཐུན་མཉམ་ལས་བྱེད་པའི་ཐད་ཧུར་ཐག་གིས་ནུས་པ་འདོན་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག