མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་མའོ་ཞི་ཁོ་གྲོང་ཁྱེར་དུ་འབྱོར་ནས་མའོ་ཞི་ཁོ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་མགོ་ཚུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ6པའི་ཚེས4ཡི་ཉིན་མའོ་ཞི་ཁོ་གྲོང་ཁྱེར་དུ་འབྱོར་ནས། མའོ་ཞོ་ཁོ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་མགོ་ཚུགས།

ས་དེའི་དུས་ཚོད་ཀྱི་སྤྱི་ཟླ6པའི་ཚེས4ཡི་ཉིན་གྱི་ཕྱི་དྲོའི་དུས་ཚོད1དང་སྐར་མ10ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་མའོ་ཞི་ཁོ་གྲོང་ཁྱེར་གྱི་པེ་ཉིས་ཐོ་ཧྭ་ལོས་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་མའོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་མའེ་ཡ་ཏི་ཡིས་བསུ་བ་ཞུས།

 ཞི་ཅིན་ཕེན་གྱིས་མའོ་ཞི་ཁོ་མི་དམངས་ལ་ཀྲུང་གོའི་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་མཛད། ཁོང་གིས་ཀྲུང་གོ་དང་མའོ་ཞི་ཁོ་བར་གྱི་བརྩེ་བ་དེ་ཆུ་བོའི་རྒྱུན་བཞིན་རིང་བ་དང་། རྒྱལ་ཁབ་གཉིས་ཀ་འཛམ་གླིང་སྟེང་གི་མཉམ་ལས་གྲོགས་པོ་གཙོ་བོར་གྱུར་ཡོད། ཀྲུང་གོ་དང་མའོ་ཞི་ཁོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྒྱང་རིང་ཁེ་ཕན་མངོན་འགྱུར་བྱེད་པར་འཚམ་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་ཕན་པ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལའང་ཕན་ཐོགས་པས། ངས་ཙུང་ཐུང་ཕེ་ཉིས་ཡ་དང་མའོ་ཞི་ཁོའི་མགོ་ཁྲིད་པ་གཞན་དག་བར་ཕྱོགས་གཉིས་ཀའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། ཕན་ཚུན་གྱི་ཡིད་ཆེས་ཇེ་ཆེར་གཏོང་བ་དང་། མཉམ་ལས་རྒྱ་བསྐྱེད་པ། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཅེས་གསུངས། མའོ་ཞི་ཁོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཙིན་ཀང་ཡང་གནམ་གྲུ་ཐང་དུ་སོང་ནས་བསུ་བ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག