མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མའོ་ཞི་ཁོའི་ཙུང་ཐུང་ཕེ་ཉིས་ཡ་དང་གླེང་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས4ཡི་ཉིན་མའོ་ཞི་ཁོ་གྲོང་ཁྱེར་ནས་མའོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་གླེང་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ཟབ་མོ་བྱེད་པའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད། གླེང་མོལ་མ་མཛད་གོང་། ཀྲུའུ་ཞི་ཞི་ཅིན་ཕེན་ཕེ་ཉི་ཡ་ཡིས་དགའ་བསུའི་མཛད་སྒོར་ཞུགས། ཉིན་རིམ་བཀོད་སྒྲིག་ལྟར། གྲོས་ཚོགས་གྲོལ་རྗེས། རྒྱལ་ཁབ་གཉིས་ཀྱི་་མགོ་གཙོ་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕེན་གྱིས་གསུང་དོན། ཉེ་བའི་ལོ་འགར། ཀྲུང་གོ་དང་མའོ་ཞི་ཁོ་བར་གྱི་དཔལ་འབྱོར་མཉམ་ལས་ཉིན་བཞིན་ཟེ་ཟབ་ཏུ་གྱུར་ནས། གྲུབ་འབྲས་གསར་བ་རབ་དང་རིམ་པ་བླངས། ཀྲུང་གོ་ནི་མའོ་ཞི་ཁོའི་འཛམ་གླིང་སྟེང་གི་ཉོ་ཚོང་གྲོགས་པོ་གཉིས་བར་གྱུར་ཡོད་པ་དང་། མའོ་ཞི་ཁོ་ནི་ཀྲུང་གོའི་ལ་ཏིན་མེ་གླིང་ས་ཁུལ་གྱི་ཉོ་ཚོང་གྲོགས་པོ་གཉིས་པ་རེད། རྒྱལ་ཁབ་གཉིས་ཀའི་ཕན་ཚུན་ལ་དངུལ་གཏོང་ཚད་རིམ་གྱིས་ཇེ་མང་ཡིན་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད། ཞི་ཅིན་ཕེན་གྱིས་ཁོས་ཐེངས་འདིར་མའོ་ཞི་ཁོར་འཚམས་འདྲི་བྱེད་པའི་སྐབས་སུ། ཕྱོགས་གཉིས་ཀས་མའོ་ཞི་ཁོའི་ཕག་ཤ་ཀྲུང་གོར་འདྲེན་པའི་གནད་དོན་ཐག་གཅོད་རྒྱུ་ལས་གཞན། ད་དུང་ཆེད་དུ་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པ་རྩ་འཛུགས་ཀྱིས་མའོ་ཞི་ཁོ་ལ་སོང་ནས་ལས་གཞི་འབྲེལ་མཐུད་དང་ཁྲོམ་ར་རྒྱ་བསྐྱེད་རྒྱུ་ཡིན་ལ། མའོ་ཞི་ཁོ་ཕྱོགས་ཀྱིས་ཀྱང་ཚོགས་པ་མངག་ནས་ཀྲུང་གོའི་འབྲེལ་ཡོད་འགྲེམ་ཚོང་ཚོགས་འདུ་ལ་ཞུགས་ཏེ། ཀྲུང་གོའི་ཁྲོམ་རར་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་དང་། ཀྲུང་གོའི་འཛད་སྤྱོད་པའི་དགོས་འཁོར་འཚམ་པའི་མའོ་ཞི་ཁོའི་ཐོན་རྫས་ཧུར་ཐག་གིས་དྲིལ་སྒྲོག་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕེན་ནི་ཁོ་སི་ཐ་རེ་ཁ་རྒྱལ་ཁབ་ཏུ་འཚམས་འདྲི་མཛད་ཚར་རྗེས། ཉིན་དེའི་སྔ་དྲོར་མའོ་ཞི་ཁོ་གྲོང་ཁྱེར་དུ་འབྱོར་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག