མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀོ་ལེ་ཡིས་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས་དཔལ་འབྱོར་ཁྱབ་བཤེར་གྲ་སྒྲིག་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀོ་ལེ་ཡིས་སྤྱི་ཟླ6པའི་ཚེས4ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་ཁྱབ་བཤེར་གྲ་སྒྲིག་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲང་ཀོ་ལེ་ཡིས་བཤད་རྒྱུར། གཞི་གྲངས་ཡང་དག་ཡིན་པ་ནི་བསྡོམས་རྩིས་བྱ་བའི་བླ་སྲོག་ཡིན་ལ། ཐེངས་འདིའི་ཁྱབ་བཤེར་བྱ་བའི་གཞི་རྩའི་རེ་བ་ཡང་ཡིན། ཁྱབ་བཤེར་གཞི་གྲངས་ལ་ནོར་འཁྲུལ་ཡོད་མི་ཉན་པ་དང་གཞི་གྲངས་ཚང་མ་ངོ་མ་ཡིན་དགོས། རྒྱལ་ཡོངས་ཀྱིས་གཅིག་གྱུར་སྒོས་མགོ་ཁྲིད་དང་ལས་ཁུངས་ཀྱིས་ལས་བགོས་མཐུན་སྦྱོར་བྱེད་པ། ས་གནས་རིམ་པ་བགར་ནས་འགན་འཁུར་བ། ཕྱོགས་སོ་སོ་མཉམ་དུ་དེའི་ཁྲོད་དུ་ཞུགས་པ་བཅས་ཀྱི་རྩ་དོན་ལྟར། འགན་འཁྲི་དང་ལས་འགན་གསལ་བོ་ཡིན་པའི་བྱ་བའི་ནང་རྐྱེན་འཛུགས་པ་དང་དང་འཐུས་ཚང་དུ་བཏང་ནས་ཁྱབ་བཤེར་བྱ་བའི་སྤུས་ཚད་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ་ཁྱབ་བཤེར་བྱ་བ་དེ་གོ་སྐབས་སུ་བཟུང་སྟེ་སྡོམ་རྩིས་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྡོམ་རྩིས་ཚད་གཞི་དང་ལམ་ལུགས་བཅོས་སྒྱུར་བྱེད་དགོས་ལ། སྡོམ་རྩིས་བྱེད་ཐབས་དང་རྣམ་པ་གསར་སྐྲུན་བྱས་ནས། གཞི་གྲངས་སྤུས་ཚད་དང་དབྱེ་ཞིབ་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག