མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སུའུ་ལིས་ནན་དང་པ་པ་ཏོ་སི་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-04 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་གྱིས་སྤྱི་ཟླ6པའི་ཚེས2ཉིན་ཐི་ལིས་ཉིས་ཏ་དང་ཏོ་པ་ཀི་ཡི་རྒྱལ་ས་སི་ཕན་གྲུ་ཁ་ནས་སོ་སོར་སུའུ་ལིས་ནན་གྱི་ཙུང་ཐུང་པའོ་ཏི་སེ་དང་པ་པ་ཏོ་སིའི་ཙུང་ལི་སི་ཐུའུ་ཨེར་ཐི་ལ་མཇལ་འཕྲད་གནང་།

པའོ་ཐི་སེ་དང་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕེན་གྱིས་སུའུ་ལིས་ནན་ནི་ཅ་ལི་པུས་ས་ཁུལ་གྱི་ཀྲུང་གོ་བ་ཆེས་མང་སའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དེ་སུའུ་ལིས་ནན་སྣ་མང་རིག་གནས་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད། ད་ལོ་ནི་ཀྲུང་གོ་བ་སུའུ་ལིས་ནན་དུ་གཞིས་ཆགས་ཏེ་ལོ་བརྒྱ་དང་དྲུག་ཅུ་འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀས་དེ་ལ་རྟེན་འབྲེལ་ཞུ་རྒྱུ་དང་། སྲོལ་རྒྱུན་མཛའ་བརྩེ་འཛིན་སྤེལ་བྱེད་དགོས། ཕྱོགས་གཉིས་ཀས་སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་བར་གྱི་འགྲོ་འོངས་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ནགས་ལས། གཏེར་ལས། རྡོ་སྣུམ། ཆུ་བེད། དམངས་ཚོགས་ཀྱི་འཚོ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། སུའུ་ལིས་ནན་གྱིས་མེ་གླིང་ལྷོ་མ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སུའུ་ལིས་ནན་ཕྱོགས་དང་ལྷན་དུ་ཀྲུང་གོ་དང་ལ་ཏིན་མེ་གླིང་བར་གྱི་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན། སི་ཐུའུ་ཨེར་ལ་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕེན་གྱིས་ཀྲུང་གོའི་ཕྱོགས་ལ་ཉི་འོད་ནུས་པ་དང་། རླུང་ཤུགས། རྫབ་རླངས་བཅས་ཀྱི་གློག་འདོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལག་རྩལ་བྱང་དུ་ཆུད་ཡོད་པས། ཕྱོགས་གཉིས་ཀས་པ་པ་ཏོ་སིའི་དགོས་མཁོ་ལྟར་མཉམ་ལས་བྱེད་ཆོག་ལ། ཕྱོགས་གཉིས་ཀས་མི་གཞུང་བརྗེ་རེས་དང་གནས་སྐོར་མཉམ་ལས་ཡར་སྐུལ་དང་ཕན་ཚུན་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་ཁྱབ་ཁོངས་ནས་པ་པ་ཏོ་སི་དང་བཅས་པའི་གླིང་ཕྲན་ཆུང་བའི་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག