མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཅ་ལེ་པུས་ས་ཁུལ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-04 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐི་ལིས་ཉི་ཏ་དང་ཏོ་པ་ཀི་ན་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས2ཉིན་སི་པན་གྲུ་ཁ་ནས་ཅ་ལེ་པུས་ས་ཁུལ་གྱི་མགོ་ཁྲིད་པར་གུང་ཚིགས་གསོལ་སྟོན་བཤམས་ནས། ཐི་ལིས་ཉི་ཏ་དང་ཏོ་པ་ཀིའི་ཙུང་ཐུང་ཁ་མའོ་ན་དང་ཁོའི་ལྕམ་མོ། ཙུང་ལི་པུས་སེ་ས་ཨར། སུའུ་ལིས་ནན་གྱི་ཙུང་ཐུང་པོ་ཐི་སེ། ཀོས་ཡ་ནའི་ཙུང་ཐུང་ལ་མའོ་ཐ་ཨར། ཏོ་མུས་ཉི་ཁིའི་ཙུང་ལི་ས་ཁེ་ལིས་ཐི། པ་པ་ཏོ་སིའི་ཙུང་ལི་སི་ཐུའུ་ཨར་ཐི། ཡ་མེད་ཅའི་ཙུང་ལི་ཞིན་ཕུའུ་སིན་མུས་ལེ། པ་ཧ་མའི་ཙུང་ལི་ཁི་ལིས་སི་ཏེ། ཀུ་ལིན་ན་ཏའི་ཙུང་ལི་མུས་ཆེ་ཨར། ཨན་ཐུས་བཀའ་དང་པ་པུའུ་ཏའི་ཙུང་ལི་གཞོན་པ་ལོ་ཧྥའོ་ཨར་སོགས་གདན་དྲངས་བ་ལྟར་གསོལ་སྟོན་ལ་ཞུགས། ཞི་ཅིན་ཕེན་དང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་མཉམ་དུ་ཀྲུང་གོ་དང་ཅ་ལེ་པུས་ས་ཁུལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་མོལ་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཅ་ལེ་པུས་ས་ཁུལ་རྒྱལ་ཁབ་བར་གྱི་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་ངེས་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཉམས་མྱོང་བསགས་ཤིང་གསར་གཏོད་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་རང་རང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་མུ་མཐུད་ནས་སྦས་ཤུགས་སྔོག་འདོན་བྱེད་པར་མ་ཟད་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་ཚེ། ཀྲུང་གོ་དང་ཅ་ལེ་པུས་ས་ཁུལ་རྒྱལ་ཁབ་དེ་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དང་དཔལ་འབྱོར་ཉོ་ཚོང་ཐད་ནས་ཕན་ཚུན་ལ་ཁ་གསབ་བྱེད་པ། རིག་གནས་ཐད་ནས་ཕན་ཚུན་དཔྱད་གཞིར་འཛིན་པའི་གྲོགས་པོ་བཟང་བོར་འགྱུར་ངེས་ཡིན་པར་མ་ཟད། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་དང་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐད་ལ་བྱས་རྗེས་འཇོག་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག