མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཨེ་ཞི་ཡ་ཤར་ལྷོའི་དམངས་ཁྲོད་མཐོ་རིམ་བགྲོ་གླེང་ནན་ཉིང་དུ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-04 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཞི་ཡ་ཤར་ལྷོའི་དམངས་ཁྲོད་མཐོ་རིམ་བགྲོ་གླེང་སྤྱི་ཟླ6པའི་ཚེས3ཉིན་ནན་ཉིང་དུ་འགོ་ཚུགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། དྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་ཡིས་འགོ་འཛུགས་མཛད་སྒོའི་ཐོག་འགོ་བརྗོད་དུ་མི་དམངས་ཀྱི་བློ་གྲོས་གཅིག་བསྡུས་ཀྱིས་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་བརྗོད་བྱ་གཙོ་བོའི་གཏམ་བཤད་གནང་ཡོད་པ་རེད།

ལིའུ་ཆི་པའོ་ཡིས་བསྟན་པར། ཀྲུང་གོ་དང་ཨེ་ཞི་ཡ་ཤར་ལྷོའི་རྒྱལ་ཁབ་ནི་ས་མཚམས་འབྲེལ་ཞིང་གཉེན་རྒྱུད་ཡིན་པ་དང་། རིག་གནས་ཐད་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། ཉིན་བཞིན་ཁེ་ཕན་འབྲེལ་བའི་ལས་དབང་གི་ཐུན་མོང་ཚོགས་པ་ཞིག་ཏུ་འགྱུར་བཞིན་ཡོད། དེང་གི་འཛམ་གླིང་འདིར་གཏིང་ཟབ་ཅིང་རྙོག་དྲ་ཆེ་བའི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་ཡོང་བ་བྱེད་པའི་དུས་རབས་ཀྱི་ཕྱོགས་སུ་སྐྱོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོས་ཨེ་ཞི་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་དཔུང་སྦྲེལ་གྱི་འབད་བརྩོན་བྱས་ནས་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཡོང་བའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད། ཀྲུང་གོའི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱིས་ཀྲུང་གོའི་ཕུགས་འདུན་ཞེས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་བཏོན་ཞིང་། དོན་གཉེར་གྱི་དམིགས་ཡུལ་ནི་ཞི་བདེ་དང་ཤེས་དཔལ་གྱིས་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ཡོང་བ་བྱ་རྒྱུ་དེ་ཡིན་པས། དེ་ནི་ཞི་བདེའི་ཕུགས་འདུན་ཞིག་དང་ཞི་མཐུན་གྱི་ཕུགས་འདུན་ཞིག་ཡིན་པ། དེ་ནི་ཀྲུང་གོ་དང་ཨེ་ཞི་ཡ་ཤར་ལྷོའི་མི་དམངས་ཀྱི་ཐུན་མོང་ཕུགས་འདུན་དང་གཅིག་མཚུངས་ཡིན་པས་དེས་ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་ཀྱི་ཡོད་ལ། ཨེ་ཞི་ཡ་ཤར་ལྷོདང་། འཛམ་གླིང་ཞི་བས་གོང་འཕེལ་ཡོང་རྒྱུར་ཡང་གོ་སྐབས་གསར་པ་བསྐྲུན་ཐུབ་ཅེས་གསུངས་འདུག

ལིའུ་ཆི་པའོ་ཡིས་ཉེ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་། གོང་འཕེལ་གཏོང་རྒྱུའི་ཐད་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་མཐུན་སྒྲིལ་དང་ཡིད་ཆེས་བྱེད་རྒྱུ་རྒྱུན་འཁྱོང་བྱས་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་ཤུགས་སྣོན་རྒྱག་རྒྱུ། གཉིས་ནས་མཉམ་ལས་མཉམ་རྒྱལ་ཡོང་བ་བྱ་རྒྱུ་རྒྱུན་འཁྱོང་བྱས་ཏེ། ཐུན་མོང་ཐོག་གོང་འཕེལ་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ། གསུམ་ནས་ཁོག་ཡངས་དང་དཔྱད་གཞིར་བཟུང་རེས་བྱེད་རྒྱུ་རྒྱུན་འཁྱོང་བྱས་ཏེ། ཐུན་མོང་ཐོག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། བཞི་ནས་དམངས་ཁྲོད་ཀྱི་མཐུན་ལམ་བཟང་པོ་རྒྱུན་འཁྱོང་ཡོང་བ་བྱས་ནས་རྒྱལ་ཁབ་འབྲེལ་བའི་རྨང་གཞི་བརྟན་པོ་ཡོང་བ་བྱ་རྒྱུ་བཅས་རེད།

འགོ་འཛུགས་མཛད་སྒོ་འགོ་མ་ཚུགས་གོང་ལིའུ་ཆི་པའོ་ཡིས་ཀྲུང་གོ་དང་ཨེ་ཞི་ཡ་ཤར་ལྷོའི་དམངས་ཁྲོད་ཀྱི་མཐོ་རིམ་བགྲོ་གླེང་ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་མོལ་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག