མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་མཐོ་རིམ་སློབ་ཆེན་གྱི་ཡིག་རྒྱུགས་ལས་དོན་མི་སྣ་དཔྱད་ཞིབ་བྱས་རྗེས་ལས་གནས་ཐོག་བསྐྱོད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-04 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུས་ཡོངས་བསྒྲགས་བྱས་པའི་སྤྱི་ལོ2013ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཀྱི་ལས་དོན་མི་སྣའི་དོ་དམ་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོར་གཞིགས་ན། ད་ལོ། མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་ཀྱི་ལས་དོན་མི་སྣ་ཡོངས་ལ་ལས་རིགས་ཀུན་སྤྱོད་དང་། ཉེན་བརྡའི་གྱོད་དཔེ། ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཐད་ཀྱི་སློབ་གསོ་གཏོང་རྒྱུ་དང་། བདེ་འཇགས་དང་གསང་བ་སྲུང་བའི་གཏན་འབེབས་དང་། རྒྱུགས་ལེན་ལས་དོན་དོ་དམ་གྱི་གཏན་འབེབས། ལས་གཉེར་གོ་རིམ་སོགས་རྒྱུགས་ལེན་ལས་སྒོའི་སྦྱོང་བརྡར་བྱས་ཏེ། སྦྱོར་བརྡར་ཚད་གཞི་ལོན་རྗེས་གཞི་ནས་ལས་སྒོ་དེའི་ནང་ཞུགས་ཆོག་པ་མ་ཟད། རྒྱུགས་ལེན་གྱི་བདེ་འཇགས་དང་རྒྱུགས་རྭའི་སྒྲིག་སྲོལ་སྒྲིག་ལམ་གྱི་འགན་འཁྲིའི་ཡིག་གེར་མིང་རྟགས་འགོད་དགོས་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག