མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་ཁྲིམས་འགལ་ཉེས་བསག་མི་སྣ་དགེ་རྒན་དཔུང་ཁག་ཁྲོད་ནས་གཙང་འབུད་མཐའ་གཅིག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-04 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། ཧའེ་ནན་སོགས་སུ་སྔ་རྗེས་སུ་དགེ་རྒན་གྱིས་སློབ་མར་བཙན་གཡེམ་དང་ལོག་གཡེམ་བྱས་པའི་སྐྱུག་བྲོ་བའི་ཉེས་བསག་གྱོད་གཞི་ཐོན་པར་དམིགས་ཏེ། སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས་སྤྱི་ཟླ5བའི་ཚེས30ཉིན། འབྲེལ་ཡོད་གྱོད་གཞི་ཐོན་རྗེས། སློབ་གསོ་པུས་འཕྲལ་དུ་འབྲེལ་ཡོད་ས་གནས་སློབ་གསོའི་སྡེ་ཁག་གིས་དོན་དངོས་ཞིབ་བཤེར་བསལ་པོ་བྱེད་པ་དང་། བློ་ཐག་ཆོད་པོས་ཁྲིམས་འགལ་ཉེས་བསག་མི་སྣ་དགེ་རྒན་དཔུང་ཁག་ནས་ཕྱིར་འབུད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ཅེས་གསུངས་པ་དང་། འགན་འཁུར་བ་དེས། མ་གཞི་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་རེ་འགའ་དགེ་རྒན་ཡིན་རུང་། ཉེས་བསག་ངོ་བོ་ཧ་ཅང་ཚབས་ཆེ་བ་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པོ་བཟོས་པ། སློབ་མའི་ལུས་སེམས་ལ་གནོད་འཚེ་ཚབས་ཆེན་བཟོས་པ། དགེ་རྒན་གྱི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་བཅས་ཀྱི་རྐྱེན་པས། སློབ་གསོ་པུས་ཁྲིམས་འཛིན་ལས་ཁུངས་དང་འབྲེལ་བ་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་ནན་པོ་དང་། མགྱོགས་པོ་བྱེད་པ་དང་། ཆད་པ་ལྕི་པོ་གཅོད་པ། རྡུང་རྡེག་ནན་པོ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འགན་འཁུར་བས། ས་གནས་ཁག་གི་སློབ་གསོའི་སྡེ་ཁག་དང་སློབ་གྲྭས་སློབ་མ་དང་ཁྱིམ་བདག་གིས་ན་སོ་དར་ལ་མ་བབས་པའི་མི་སྣའི་སྲུང་སྐྱོབ་བཅའ་ཁྲིམས་དང་། གཞོན་ནུ་ལོ་ཆུང་སློབ་མར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་འབྲེལ་ཡོད་ཁྲིམས་སྲོལ་གྱི་ནང་དོན་ཤེས་སུ་བཅུག་སྟེ། གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་ལུགས་སློབ་གསོ་དང་། འཚར་ལོངས་དུས་རིམ་གྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁོང་ཚོའི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས་ཆེ་རུ་གཏོང་བ། སློབ་མའི་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་། ཁྲིམས་དང་མི་མཐུན་པའི་བཙན་གནོད་འགོག་པའི་ནུས་པ། ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ནུས་པ་བཅས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག