མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་ཀྲུང་གོའི་ཁོར་ཡུག་དང་བདེ་ཐང་དྲིལ་བསྒྲགས་གཟའ་འཁོར་པེ་ཅིན་དུ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་ཁོར་ཡུག་དང་བདེ་ཐང་གིས་བརྗོད་དོན་གཙོ་བོ་བྱས་པའི་སྤྱི་ལོ2013ལོའི་ཀྲུང་གོའི་ཁོར་ཡུག་དང་བདེ་ཐང་དྲིལ་བསྒྲགས་གཟའ་འཁོར་སྤྱི་ཟླ6པའི་ཚེས2ཉིན་པེ་ཅིན་དུ་འགོ་ཚུགས་ཡོད་པ་རེད། ད་ལོའི་སྤྱི་ཟླ6པའི་ཚེས2ཉིན་ནས་ཚེས8ཉིན་བར་གྱི་དྲིལ་བསྒྲགས་གཟའ་འཁོར་རིང་ས་གནས་ཁག་གི་འབྲེལ་ཡོད་ཁོངས་གཏོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་བདེ་ཐང་གི་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་གཅོང་ནད་འགོག་བཅོས་ཤེས་བྱ་བློ་འདྲིའི་འོས་འགན་སྨན་བཅོས། ཁོར་ཡུག་དང་བདེ་ཐང་ཁྲང་ཤིའི་འགྲེམས་འཁྲབ་བྱེད་སྒོ་བཅས་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག