མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་ཕུན་སུམ་ཚོགས་པའི་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་པའི་མཚམས་དེར། ས་གནས་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བྱིས་པ་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།

དགའ་སྤྲོས་ཡོངས་སྐུལ་དྲུག་གཅིག་དུས་བཟང་ཞེས་པའི་བྱེད་སྒོ་སྤྱི་ཟླ6པའི་ཚེས1ཉིན་གྱི་སྔ་དྲོ་པེ་ཅིང་གྲོང་ཁྱེར་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དུ་འགོ་ཚུགས་པ་དང་། ལོ་ཆུང་བྱིས་པ་ཁྲི1ཙམ་གྱིས་བྱེད་སྒོ་ཁག་བརྒྱ་ལྷག་ཙམ་ནང་ཞུགས་ཏེ་མཉམ་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།

བྱེད་སྒོ་ཡོངས་ཁྱབ་ཁོངས་བདུན་ལ་དབྱེ་ཡོད་པ་དང་། སྤྱི་ཚོགས་ཀྱི་ཚན་པ་དང་དེ་བཞིན་སློབ་གྲྭ60ལྷག་གིས་བྱེད་སྒོའི་རྣམ་གྲངས100ཙམ་གྲ་སྒྲིག་བྱས་ཡོད་པ་རེད། དེ་མིན། ཅང་ཐུང་འགུལ་རིས་རྒྱལ་ལྡན་རྒྱལ་ཁབ་ཅེས་པ་དང་། ལོ་ཁེ་རྒྱལ་ལྡན་རྒྱལ་ཁབ་ཅེས་པ། བི་རུའུ་འཇིག་རྟེན་ཞེས་པ། ཤེས་རྟོགས་ཀྱི་འགྲུལ་བཞུད་ཅེས་པ་སོགས་ཀྱི་བྱེད་སྒོས་བྱིས་པ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་པའི་མཚམས་དེར། ཆེད་མངགས་ཀྲུང་གོའི་བྱིས་པ་ནད་པ་དང་ཁོང་ཚོའི་ནང་མིར་བསུ་བ་ཞུ་ཆེད། ཧྲང་ཧའེ་དི་ཛི་ནེ་གུང་སེང་གཏོང་ཁུལ་གྱིས་འཆར་འགོད་བྱས་པ་དང་། དི་ཛི་ནེའི་དང་བླངས་པས་རི་མོ་བྲིས་པ་མ་ཟད་མཛེས་བཟོ་བྱས་པའི་སྤྲོ་སྣང་ལྡན་པའི་འཇིག་རྟེན། དི་ཛི་ནེའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁང་ཞེས་པ་དེ་སྤྱི་ཟླ6པའི་ཚེས1ཉིན་ཧྲང་ཧའེ་བྱིས་པའི་སྨན་ཁང་ལྟེ་གནད་ཀྱི་ཁྲག་སྐྲན་ལྟེ་གནད་དུ་ཐེངས་དང་པོ་འགྲེམས་སྟོན་བྱས་ཡོད་པ་རེད། འཛམ་གླིང་ཧྲིལ་པོའི་དི་ཛི་ནེའི་དང་བླངས་པའི་རྣམ་གྲངས་ལོ་ངོ30འཁོར་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། ཧྲང་ཧའེ་དི་ཛི་ནེ་གུང་སེང་གཏོང་ཁུལ་གྱི་དོ་དམ་དང་གསར་སྤེལ་ཚོགས་པའི་དང་བླངས་པ་དང་། ཁོང་ཚོའི་ནང་མི100ཙམ་གྱིས་ཀྲུང་གོའི་བྱིས་པ་ནད་པ་ཚོའི་སྨོན་འདུན་བཟང་པོ་ལག་བྲིས་རི་མོ་དེ་དག་ཐོག་ནས་མཚོན་པར་བྱས་ཡོད་པ་དང་། དེ་དང་ཆབས་ཅིག ཧྲང་ཧའེ་དི་ཛི་ནེ་གུང་སེང་གཏོང་ཁུལ་གྱིས་ད་དུང་ཁྲག་སྐྲན་ལྟེ་གནད་དེར་དི་ཛི་ནེའི་བརྗོད་དོན་གཙོ་བོའི་རས་བྲིས་རི་མོ་བརྒྱ་ལྷག་ཙམ་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

དྲུག་གཅིག་ཉིན་མོར། རྒྱལ་ཡོངས་ས་གནས་ཁག་གི་རི་མོ་འབྲི་རྒྱུར་དགའ་བའི་ལོ་ཆུང་བྱིས་པ་ཁྲི1ལྷག་གིས་ཤི་ཨན་མིན་རྒྱལ་རབས་ཀྱི་ལྕགས་རི་ཡོད་སར་ཡོང་སྟེ། རིང་ཚད་སྨི7ཡོད་པའི་རི་མོ་འདྲི་སའི་རས་ཀྱི་སྟེང་དུ་མཛེས་སྡུག་ལྡན་པའི་ཤི་ཨན་གྱི་རི་མོ་བྲིས་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་བཀོད་འབྲི་བྱས་ཡོད་ཅིང་། ཐད་འཕུར་གནམ་གྲུས་མཁའ་ཐོག་ནས་བྱེད་སྒོ་དེ་བརྙན་ལེན་བྱས་ཡོད་པ་རེད། བྱེད་སྒོ་དེས་ལོ་ཆུང་བྱིས་པའི་ཡིག་རིས་ཀྱི་བསྒྲིལ་རིས་རིང་མོའི་གཞི་ཁྱོན་ཆེ་ཤོས་ཀྱི་བྱེད་སྒོའི་ཇི་ཉི་སིའི་ཟིན་ཐོ་བརྒལ་ཏེ། བྱེད་སྒོ་སྤེལ་སར་ཇི་ཉི་སིའི་འཛམ་གླིང་གི་ཡང་རྩེའི་ལག་འཁྱེར་རག་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིན་རྒྱལ་རབས་ཀྱི་ལྕགས་རི་གནས་སར་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བ་ཕུད། ད་དུང་བྱིས་པའི་བརྩམས་བྱ་སྣ་ཚོགས་ཀྱི་འགྲེམས་སྟོན་དང་། དངོས་གཟུགས་དངོས་འབྲི་བ། སློབ་དཔོན་ཆེན་མོ་དང་བྱིས་པས་རི་མོ་གླེང་བ། བྱིས་པའི་མཛེས་རིས་སློབ་གསོའི་མཐོ་རིམ་གླེང་སྟེགས། བྱིས་པའི་མཛེས་རིས་དགེ་རྒན་གྱི་སྦྱོང་བརྡར། ཉམས་ཞན་བྱིས་པའི་སྒྱུ་རྩལ་སློབ་གསོར་དོ་ཁུར་བྱེད་པ། བྱིས་པའི་ཐང་ཆེན་མཛེས་རིས་བྱེད་སྒོ། སྔོན་ཐོན་མི་སྣ་དང་ཚོགས་པ་དཔྱད་འདེམས་དང་གཟེངས་རྟགས་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག