མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་སྐོར་ཞིབ་ཚོགས་ཆུང་གཅིག་རྗེས་གཉིས་མཐུད་དུ་ས་གནས་ཁག་ཏུ་བཅའ་སྡོད་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། ཀྲུང་དབྱང་གི་སྐོར་ཞིབ་ཚོགས་ཆུང་གཅིག་རྗེས་གཉིས་མཐུད་ཀྱིས་ཀྲུང་དབྱང་གི་ཁེ་ལས་དང་ས་གནས་ཁག་ཅིག་ཏུ་བསྐྱོད་དེ་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད། མིག་སྔར། སྐོར་ཞིབ་ཚོགས་ཆུང་བཞི་ཁག་སོ་སོར་ཀྲུང་གོའི་གྲབས་གསོག་འབྲུ་རིགས་དོ་དམ་སྤྱི་ཁྱབ་ཀུང་སི་དང་། ཅང་ཤིའི་དང་། ཁྲུང་ཆིང་། ཀུད་ཀྲོའུ་བཅས་སུ་བཅའ་སྡོད་བྱས་ཟིན་པ་དང་། ད་ལོའི་ལོ་སྟོད་དུ་ད་དུང་ནང་སོག་དང་། ཧུའུ་པེ། ཆུ་བེད་པུའུ། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཀྲུང་གོའི་དཔར་སྐྲུན་ཚོགས་པ། ཀྲུང་གོ་མི་དམངས་སློབ་ཆེན་བཅས་སུ་སྐོར་ཞིབ་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད། སྐོར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བཞིས་ས་གནས་ཁག་ཏུ་གཏམ་བཤད་སྤེལ་སྐབས། ཚང་མས་ད་ཐེངས་ཀྱི་སྐོར་ཞིབ་ཀྱི་གཙོ་གནད་དེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་པོ་དང་ཁ་བསལ་བཟོ་རྒྱུ། མི་བདམས་པ་དང་བེད་སྤྱོད་བྱེད་པའི་སྲོལ་ངན་དང་རུལ་སུངས་གནད་དོན་བཅས་ཕྱོགས་བཞིར་ཕྱོགས་བསྡུས་བྱས་ཡོད་ཅིང་། དེ་ནི་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་འགོ་འཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཝང་ཆིའི་ཧྲན་གྱིས་སྐོར་ཞིབ་ལས་དོན་ཐད་བཏོན་པའི་བླང་བྱ་ཡང་ཡིན་པ་རེད། སྐོར་ཞིབ་ཚོགས་ཆུང་གིས་སྟ་སྐུལ་བྱེད་ས་གཙོ་བོ་ནི། ཞིང་ལྗོངས་དང་གྲོང་ཁྱེར་ཏང་སྲིད་འགོ་འཁྲིད་ཚན་པ་དང་དེའི་ཁོངས་མི་ཡིན་པ་དང་། སྐོར་ཞིབ་ཚོགས་ཆུང་གིས་སྙན་སེང་ཉན་པ་དང་། མི་སྒེར་དང་གླེང་མོལ་བྱེད་པ། ས་ཆ་དངོས་སུ་རྟོག་ཞིབ་བྱེད་པ། ཚོགས་འདུར་ཟུར་ཞུགས་བྱེད་པ། ཟིན་ཐོ་ལྟ་ཀློག་བྱེད་པ། བསམ་འཆར་གླེང་རེས་བྱེད་པ་སོགས་བརྒྱུད་སྐོར་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ད་ལོ་ལས་དོན་ཚོགས་ཆུང་གིས་ད་དུང་ཐབས་ལམ་གསར་པ་ཞིག་བསྣན་ཡོད་པ་སྟེ། འགོ་འཁྲིད་ལས་བྱེད་པའི་སྙན་སེང་ལ་དཔྱད་ཞིབ་བྱེད་པའི་མི་སྒེར་གྱི་ནང་དོན་གལ་ཆེན་ཞིག་བསྣན་ཡོད་པ་རེད། སྐོར་ཞིབ་ཚོགས་ཆུང་གི་འགན་འཁྲི་ནི། གནད་དོན་ཤེས་རྟོགས་དང་། ཀྲུང་དབྱང་ལ་སྙན་སེང་ཞུ་བ། སྐོར་ཞིབ་བྱེད་སའི་ཞིང་ཆེན་གྱི་འགོ་འཁྲིད་གཙོ་བོར་བརྡ་ཁྱབ་གཏོང་བ་བཅས་ཡིན་ཞིང་། སྐོར་ཞིབ་ཚོགས་པ་རང་ངོས་ལ་གྱོད་དོན་བདག་གཉེར་བྱེད་པའི་འགན་ནུས་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག