མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཚོ་འགག་གཡས་གཡོན་གཉིས་པོའི་གླེང་སྟེགས་ཀྱིས་ཐའེ་ཝན་གྱི་དམངས་ཕན་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གིས་མགྲིན་ཚབ་པ་ཡང་དབྱིས་ཀྱིས་སྤྱི་ཟླ5བའི་ཚེས29ཉིན་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག མཚོ་འགག་གཡས་གཡོན་གཉིས་པོའི་ཚན་པ70ཙམ་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་སྐབས་ལྔ་པའི་མཚོ་འགག་གཡས་གཡོན་གཉིས་པོའི་གླེང་སྟེགས་སྤྱི་ཟླ6པའི་ཚེས15ཉིན་ནས་ཚེས21ཉིན་བར་ཧྥུ་ཅན་དུ་གཉེར་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཐའེ་ཝན་ལ་བཟུང་རྒྱུའི་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བསྟན།

ཡང་དབྱིས་ཀྱིས་ཐེངས་འདིའི་གླེང་སྟེགས་ཀྱིས་དམངས་ཁྲོད་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་དང་། གཉེན་ཉེའི་བརྩེ་སེམས་ལ་དོ་ཁུར་དང་། ཕུགས་བསམ་མཉམ་དུ་མངོན་འགྱུར་ཐུབ་པ་བྱ་རྒྱུའི་གླེང་སྟེགས་ཀྱི་གྲོས་ཚོགས་ཆེན་མོའི་བརྗོད་བྱ་གཙོ་བོ་བཅས་ལ་གཞིགས་ཏེ། གཞི་རིམ་མང་ཚོགས་ཀྱིས་ གཙོ་བོ་བྱས་ཏེ། ཚོགས་ཆེན་གྱི་བྱེད་སྒོ་དང་། གཞི་རིམ་སྤེལ་རེས། རིག་གནས་སྤེལ་རེས། དཔལ་འབྱོར་ཉོ་ཚོང་སྤེལ་རེས་བཅས་ནང་དོན་ཆེ་བ་བཞི་དང་རྣམ་གྲངས28བཀོད་སྒྲིག་བྱ་རྒྱུ་ཡིན་རེད་ཅེས་གསུངས།

ཁོང་གིས་ད་དུང་། ཐེངས་འདིའི་གླེང་སྟེགས་ལ་ཁྱད་ཆོས་ཆེན་པོ་བཞི་ཡོད། གཅིག་ནི་གཞི་རིམ་ལ་ཁ་ཕྱོགས་རྒྱུར་དོ་སྣང་བྱས་ཏེ་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་རྒྱུ་དང་། གཉིས་ནི་ཕ་གཞིས་རིག་གནས་འབུར་དུ་ཐོན་པ་བྱས་ཏེ་གཉེན་ཉེའི་བརྩེ་སེམས་གླེང་རྒྱུ། གསུམ་པ་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང ་ནས་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཐུབ་པ་བྱེད་རྒྱུ། བཞི་པ་གསར་གཏོད་རིམ་འཕར་འབུར་དུ་ཐོན་པ་བྱས་ཏེ་གླེང་སྟེགས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་བཅས་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག