མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཆི་པའོ་ཡིས་སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:37

0.jpg

  སྤྱི་ཟླ༥བའི་ཚེས༣༠ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་གསར་དུ་བསྐོས་པའི་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཀྲང་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་བྱས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་གསར་དུ་བསྐོས་པའི་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཀྲང་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་བྱེད་སྐབས་སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ། གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་རིག་གནས་སྤེལ་ས་སྣ་ཚོགས་གང་ལེགས་སྒོས་བེད་སྤྱོད་བྱས་ནས། སྟོབས་ཤུགས་ཡོད་དགུས་སྟོབས་ལྡན་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་དར་སྤེལ་དང་། རང་དབང་དང་འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་བཅས་དར་སྤེལ། རྒྱལ་གཅེས་དང་ལས་བཀུར། ཡིད་ཆེས། མཛའ་མཐུན་བཅས་དར་སྤེལ་སོགས་བྱེད་རྒྱུ་དེ་མི་རྣམས་ཀྱི་ཐུན་མོང་གི་རིན་ཐང་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་བསྒྱུར་ནས། བསམ་བློའི་གླེང་ཕྱོགས་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བཤད།

  ལིག་ཆི་པའོ་ཡིས་བཤད་རྒྱུར། གཞི་རིམ་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བ་སྒྲུབ་མཁན་གྱིས་ཀྲུང་དབྱང་གི་རྗེས་འབྲངས་པ་དང་བྱ་བར་དགའ་ཞེན་ཆེ་བ། ཡར་རྒྱས་བརྩོན་ལེན་བྱེད་པ། ཧུར་ཐག་སྒོས་བྱས་རྗེས་བསྐྲུན་པ་བཅས་ཀྱི་རེ་བ་ལྟར། བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་སྟེང་གི་བྱ་བ་བཟང་བོར་བསྒྲུབས་ཏེ། ཏང་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བསྐྲུན་པར་འབད་འཐབ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག