མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷོ་ཆུ་བྱང་འདྲེན་གྱི་དུས་རིམ་དང་པོའི་ལས་གཞིའི་ཅང་སུའུ་དུམ་མཚམས་སུ་དེ་རིང་ཚོད་ལྟའི་ཆུ་གཏོང་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས30ཉིན་ལྷོ་ཆུ་བྱང་འདྲེན་གྱི་དུས་རིམ་དང་པོའི་ལས་གཞིའི་ཅང་སུའུ་དུམ་མཚམས་སུ་ཚོད་ལྟའི་ཆུ་གཏོང་འགོ་ཚུགས་པ་དང་། བདེ་བླག་སྒོ་ནས་ཆུ་འདྲེན་དང་ཆུ་ཐོག་སྐྱེལ་འདྲེན་ཤར་གཏོང་ལ་འགན་ལེན་བྱས་པ་དང་དུས་མཚུངས། ཆུའི་སྤུས་ཚད་བརྟན་པོ་ཡོང་རྒྱུ་འགན་སྲུང་བྱ་རྒྱུ་ཡིན་པ་རེད། སྔ་དྲོའི་ཆུ་ཚོད11ཙམ་ལ་དྲིལ་བརྡ་གྲགས་མ་ཐག ཅང་སུའུ་དུམ་མཚམས་ཀྱི་ཆུ་འདྲེན་ས་ཚིག་ཡོངས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ས་བབ་ངོས་ནས་བཤད་ན་ལྷོ་ཕྱོགས་དམའ་ལ་བྱང་ཕྱོགས་མཐོ་བས། གལ་ཏེ་ལྷོ་ཆུ་བྱང་འདྲེན་བྱས་ན་ཆུ་འདྲེན་ས་ཚིག་གིས་ཆུ་དམའ་ས་ནས་མཐོ་སར་འཐེན་དགོས་པ་དང་། ཡང་ཤར་ཐིག་གི་ཆུ་འདྲེན་ས་ཚིག་མང་ཆེ་བ་ཅང་སུའུ་རུ་གཅིག་བསྡུས་བྱས་ཡོད་ཅིང་། ཡང་ཀྲུའུ་ཡི་ཅང་ཏུའུ་ནས་ཤུའི་ཀྲུའུ་ཡི་ལམ་ཐག་ནང་ཆུ་སྨིད40ཡི་མཐོ་ཚད་འཐེན་དགོས་པ་དང་། དེ་ནས་ཝེ་ཧྲན་ཧུའུ་མཚེའིུ་ཅང་སུའུ་དང་ཧྲན་ཏུང་གི་ས་མཚམས་སུ་འདྲེན་དགོས་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག