མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པའི་འཐུས་ཚབ་དང་ལྷན་དུ་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:37

01.jpg

  སྤྱི་ཟླ༥བའི་ཚེས༢༩ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྲོ་སྐྱིད་ཀྱི་བྱིས་དུས་རེ་བས་ཁེངས་ཞེས་པ་བརྗོད་བྱ་ཡིན་པའི་ན་ཆུང་གདོང་ལེན་རུ་ཁག་ཉིན་མོའི་བྱ་འགུལ་ལ་ཞུགས། འདི་ནི་ཞི་ཅིན་ཕེན་གྱིས་བྱིས་པ་ཚོ་དང་ལྷན་དུ་བཞུགས་པའི་ཚུལ་རེད། 
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲུག་གཅིག་བྱིས་པའི་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ5བའི་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིན་གྲོང་ཁྱེར་ན་ཆུང་བྱིས་པའི་ཕོ་བྲང་དུ་ཕེབས་ཏེ། པེ་ཅིན་དུ་བརྗེ་རེས་དང་མྱོང་ཚོར་བྱ་འགུལ་ལ་ཞུགས་པར་ཡོང་བའི་རྒྱལ་ཡོངས་ཀྱི་མི་རིགས་ང་དྲུག་དང་། གསར་བརྗེ་གནས་རྙིང་ས་ཁུལ། གནོད་ཐེབས་ས་ཁུལ། ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་ན་ཆུང་བྱིས་པ་དང་། ཞིང་བ་ཞོར་ལས་པའི་བུ་དང་བུ་མོ། དེ་མིན་རྒྱལ་སའི་མཁར་གྲོང་གི་ན་ཆུང་བྱིས་པའི་འཐུས་ཚབ་བཅས་མི་སྟོང་གཅིག་དང་དྲུག་བརྒྱ་ལྷག་དང་ལྷན་དུ་སྤྲོ་སྐྱིད་ཀྱི་བྱིས་དུས་རེ་བས་ཁེངས་ཞེས་པ་བརྗོད་བྱ་ཡིན་པའི་ན་ཆུང་གདོང་ལེན་རུ་ཁག་ཉིན་མོའི་བྱ་འགུལ་ལ་ཞུགས་པ་དང་། གྲོགས་པོ་ཆེ་བ་ཞིག་གི་ངོས་ནས། རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

  གུང་གཞོན་ཚོགས་པ་ཀྲུང་དབྱང་དང་། རྒྱལ་ཡོངས་ན་ཆུང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་ད་ལོའི་རྒྱལ་ཡོངས་རིགས་སོ་སོའི་ན་ཆུང་བྱིས་པའི་བརྗེ་རེས་མྱོང་ཚོར་བྱ་འགུལ་དེ་སྒྲུབ་ཐེངས་སྐབས་གསུམ་པ་ཡིན་པ་དང་། དག་དག་སྐབས་དེ་ནི་པེ་ཅིན་གྲོང་ཁྱེར་ན་ཆུང་བྱིས་པའི་ཕོ་བྲང་གསར་བ་ལེགས་འགྲུབ་བྱུང་མ་ཐག་ཡིན་པས། པེ་ཅིན་གྲོང་ཁྱེར་ན་ཆུང་བྱིས་པའི་ཕོ་བྲང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པའི་འཐུས་ཚབ་ཆེད་དུ་གནས་དེར་གདན་འདྲེན་ཞུས་པ་རེད།

  ཞི་ཅིན་ཕེན་གྱིས་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་ནི་ང་ཚོའི་མེས་འདུན་ཆེས་ཆེན་པོ་ཡིན་པས། ཏང་དང་སྲིད་གཞུང་གིས་རིགས་སོ་སོའི་བྱིས་པ་རྣམས་ལ་དུས་རྟག་ཏུ་སེམས་ཁུར་བྱས་ཏེ། ཁོ་ཚོའི་སློབ་སྦྱོང་དང་འཚར་ལོངས་འབྱུང་བར་མཐུན་རྐྱེན་སྔར་ལས་བཟང་བོ་བསྐྲུན་དགོས། དགེ་རྒན་དང་ཁྱིམ་བདག་གིས་ན་ཆུང་བྱིས་པ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་འགན་འཁྲི་ཁུར་དུ་ལེན་དགོས། ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ན་ཆུང་བྱིས་པར་ཞབས་ཕྱི་ལེགས་པོ་བསྒྲུབ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་ན་ཆུང་བྱིས་པ་འཚར་ལོངས་འབྱུང་བར་སེམས་ཁུར་དང་ན་ཆུང་བྱིས་པའི་བྱ་བར་རྒྱབ་སྐྱོར་བྱེད་དགོས། ན་ཆུང་བྱིས་པའི་ཁེ་དབང་ལ་གནོད་སྐྱེལ་བ་དང་། ན་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ལ་གཏོར་ བརླག་བཟོ་བའི་གཏམ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་དང་ཁྲིམས་ལྟར་ཆབ་ཕབ་གཏོང་དགོས་ཞེས་ནན་གྱིས་བསྟན།  །
 

02.jpg

འདི་ནི་ཞི་ཅིན་ཕེན་གྱིས་བྱིས་པ་ཚོས་རྐང་རྩལ་སྤོ་ལོ་སྦྱོང་བརྡར་བྱེད་པར་གཟིགས་པའི་ཚུལ་རེད།

03.jpg

འདི་ནི་ཞི་ཅིན་ཕེན་གྱིས་བྱིས་པ་ཚོ་དང་ལྷན་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ངོས་འཛིན་དང་རྒྱུས་ལོན་གླེང་བའི་ཚུལ་རེད།

04.jpg

འདི་ནི་ཞི་ཅིན་ཕེན་གྱིས་བྱིས་པ་ཚོས་མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་པའི་གནས་ཚུལ་ལ་གཟིགས་པའི་ཚུལ་རེད།

05.jpg

འདི་ནི་ན་ཆུང་གདོང་ལེན་རུ་མིས་ཞི་ཅིན་ཕེན་ལ་སྐེ་དཀྲིས་དམར་པོ་དཀྲི་བའི་ཚུལ་རེད།

06.jpg

འདི་ནི་ཞི་ཅིན་ཕེན་བྱིས་པ་རྣམས་དང་ལྷན་དུ་བཞུགས་པའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག