མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་གསུམ་པའི་ནང་སོག་དང་ཤང་ཀང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གསུམ་པའི་ནང་སོག་དང་ཤང་ཀང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་སྒོའི་གཟའ་འཁོར་ཞེས་པ་འགོ་ཚུགས་པའི་མཛད་སྒོ་དེ་སྤྱི་ཟླ5བའི་ཚེས29ཉིན་ཤང་ཀང་གི་འགྲེམ་ཚོགས་ལྟེ་གནས་ལ་སྤེལ་ཡོད་པ་རེད། ཤེས་རྟོག་བྱུང་བར་གཞིགས་ན། ནང་སོག་གིས་ཐེངས་འདིའི་བྱེད་སྒོའི་གཟའ་འཁོར་རིང་། མཉམ་ལས་རྣམ་གྲངས་གཙོ་གནད་དུ་འོས་སྦྱོར་བྱེད་རྒྱུ་དང་། སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར3900ཟིན་རྒྱུ་ཡིན་པ་རེད།

ཤང་ཀང་ལ་བྱེད་སྒོ་དེ་སྤེལ་རིང་། ནང་སོག་གིས་ད་དུང་ཁེ་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་དང་། ཚོང་འགུག འོས་སྦྱོར་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཤང་ཀང་གི་ཚོང་པ་སྔར་ལས་མང་བས་ནང་སོག་ལ་མ་འཇོག་བྱེད་རྒྱུར་ཡིད་སྒུག་བྱས་ཡོད་པ་རེད། ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དཔའ་ཐུར་གྱིས་ཤིས་ཚིག་གསུངས་སྐབས། ཤང་ཀང་ནི་ནང་སོག་གི་དཔལའ་བྱོར་ཉོ་ཚོང་མཉམ་ལས་ཀྱི་རོགས་པ་གལ་ཆེན་དང་ཕྱི་ཕྱོགས་ཀྱི་མ་རྩའི་ཡོངས་ཁུངས་གཙོ་བོ་དེ་ཡིན། ཉེ་བའི་ལོ་ཤས་ནང་། ནང་སོག་དང་ཤང་ཀང་གི་དཔལ་འབྱོར་མཉམ་ལས་ཉོ་ཚོང་བྱེད་སྒོའི་གཟའ་ཁོར་སོགས་ཀྱི་སྟེགས་བུའི་སྐུལ་འདེད་འོག ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག