མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲུག་གཅིག་བྱིས་པའི་དུས་ཆེན་གོང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁྲིམས་སྐྱོང་གི་ཀྲུང་གོའི་ཕུགས་འདུན་གླེང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཟླ5བའི་ཚེས30ཉིན་གྱི་སྔོ་དྲོ་ནར་མ་སོན་པའི་མིར་ཁ་ཕྱོགས་པའི་བརྗོད་བྱ་གཙོ་བོའི་སྤྱི་དམངས་སྒོ་འབྱེད་ཉིན་མོའི་བྱེད་སྒོ་གཉེར་བ་དང་། དེ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་སུ་གཉེར་བའི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་ཐོག་མ་དེ་ཡིན་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། དབུ་བཞུགས་ཁྲིམས་དཔོན་ཆེན་མོ་ཀྲའུ་ཆང་བྱེད་སྒོར་ཞུགས་པ་མ་ཟད་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཐུས་མི་དང་སྤེལ་རེས་གནང་ཡོད་པ་རེད།

བྱེད་སྒོའི་ས་གནས་དངོས་སུ། སློབ་གྲོགས་ཚོས་ཚང་ཁ་ཤིག་ཤིག་སྒོ་ནས་ང་ཚོས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་སྒུལ་སྒོ་ནས་ཁྲིམས་སྲུང་གོམ་གཤིས་འཇག་པ་བྱེད་རྒྱུའི་གྲོས་འགོ་འདོན། ང་ཚོས་སྤྱི་ཚོགས་ཡོངས་ནས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུའི་རེ་འབོད་བྱེད་ཅེས་པའི་གྲོས་འགོའི་གྱང་འགེལ་ཡོལ་བ་ཆེན་པོའི་ཐོག་རང་ཉིད་ཀྱི་མིང་བྲིས་ཡོད་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སློབ་གྲོགས་མི་རེ་ངོ་རེར་ལག་རྟགས་གསུམ་རེ་གྲ་སྒྲིག་བྱས་ཡོད་པ་དེ་དག་ནི་རྩ་ཁྲིམས་ཞེས་པའི་དེབ་གཅིག་དང་། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཞེས་པའི་དེབ་གཅིག དེ་བཞིན་ཁྲིམས་ལུགས་ཀྱི་གཟི་རྔམ་མཚོན་པའི་ཁྲིམས་ཁང་གི་རྟགས་མའི་ཆུ་ཤེལ་བཟོ་རྩལ་ཐོན་རྫས་ཤིག་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག