མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཕེབས་པའི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་གནས་ཚུལ་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ5བའི་ཚེས29ཉིན་པེ་ཅིན་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་གནས་ཚུལ་སྒྲོག་སྤེལ་ཚོགས་འདུ་བསྡུས། ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ཀྲུའུ་ཞི་ཞི་ཅིན་ཕེན་མི་འགྱང་བར་ཐི་ལིས་ཉིས་ཏ་དང་། ཏོ་པ་ཀི། ཁོ་སི་ཐ་ལེ་ཁ། མའོ་ཞི་ཁོ་བཅས་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་ཨ་མེ་རི་ཁར་ཕེབས་ཏེ་ཀྲུང་གོ་དང་ཨ་མེ་རི་ཁའི་མགོ་གཙོའི་ཐུག་འཕྲད་ལ་ཞུགས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

འབྲེལ་ཡོད་འགན་འཁུར་པས་ཀྲུང་གོ་དང་ལ་ཏེན་མེ་གླིང་དང་ཅ་ལི་པུས་རྒྱལ་ཁབ་བཅས་ནི་འཕྲེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏེན་མེ་གླིང་རྒྱལ་ཁབ་བར་གྱི་འབྲེལ་བ་གཙིགས་སུ་བཟུང་ནས། ལ་ཏེན་མེ་གླིང་རྒྱལ་ཁབ་ཀྱིས་མཉམ་འབྲེལ་བྱེད་པར་རྒྱབ་སྐྱོར་དང་། ས་ཁུལ་གཞི་གཅིག་ཏུ་བསྒྱུར་བར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ལ། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕེན་ཐོག་དང་པོར་ཐི་ལིས་ཉིས་ཏ་དང་། ཏོ་པ་ཀི། ཁོ་སི་ཐ་ལེ་ཁ། མའོ་ཞི་ཁོ་བཅས་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་ཡིན་ལ། ཀྲུང་གོ་དང་རྒྱལ་ཁབ་གསུམ་པོའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་ཆེར་གཏོང་བ། ཁྱབ་ཁོངས་ཁག་ཏུ་གཉིས་ཕན་མཉམ་ལས་ཟབ་མོ་བྱེད་པ། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་ལ་ཡར་སྐུལ་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཟེར།

འབྲེལ་ཡོད་འགན་འཁུར་པས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་དེ་ད་ལྟ་སྔར་སོང་རྒྱུན་འཛིན་དང་མ་འོངས་པ་གསར་གཏོད་བྱེད་པའི་དུས་སྐབས་གལ་ཆེན་དུ་འཕྲད་ཡོད་པས། ཞི་ཅིན་ཕེན་གྱིས་ཨོ་པ་མར་ཐུག་འཕྲད་བྱེད་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པས་ཐུན་མོང་གིས་སེམས་ཁུར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཕན་ཚུན་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་འཐབ་ཇུས་ཡིད་ཆེས་ཇེ་ཆེར་གཏོང་བ། དངོས་གཉེར་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་ཕན་ཚུན་ལ་བརྩི་འཇོག་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་བ་འཛུགས་པར་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་འདོན་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག