མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་དུH7N9བྱ་རིགས་ཆམ་རིམས་འགོས་པའི་ནད་པ་གཉིས་བ་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-30 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་སྤྱི་ཟླ5བའི་ཚེས28ཉིན། པེ་ཅིན་དུ་མིརH7N9བྱ་རིགས་ཆམ་རིམས་འགོས་པའི་ནད་པ་གཉིས་པ་དེ་ཐོན་ཡོད། ནད་པ་དེ་ནི་ལོ6ལ་སླེབས་པའི་བྱིས་པ་ཞིག་ཡིན་པ་དང་། ཐོག་མའི་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་བྱིས་པ་དེ་དང་འབྲེལ་གཏུག་བྱེད་མྱོང་བའི་མི50ཡོད་པས། འབྲེལ་ཡོད་གཏན་འབེབས་ལྟར། མི་སྣ་དེ་དག་ཚང་མར་གསོ་རིག་ལྟ་ཞིབ་བྱ་ཐབས་བཟུང་ཡོད་པ་དང་། མིག་སྔར་ནད་ཡམས་དེ་འགོས་པའི་གནས་ཚུལ་ཐོན་མེད་ཅེས་བསྟན་ཡོད་པ་རེད།

པེ་ཅིན་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་སྤྱི་ཟླ5བའི་ཚེས28ཉིན་གྱི་དགོང་མོ་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཟླ5པའི་ཚེས28ཉིན་གྱི་སྔ་དྲོ། པེ་ཅིན་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས། པེ་ཅིན་སློབ་ཆེན་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་མཁན་གྱི་ཆམ་རིམས་འགོད་པའི་ནད་པའི་ཁྲོདH7N9བྱ་རིགས་ཆམ་རིམས་འགོད་པའི་ནད་པ་གཅིག་རྙེད་ཡོད་པའི་སྙན་ཞུ་ཕུལ་ཡོད། སྤྱི་ཟླ5བའི་ཚེས28ཉིན་གྱི་ཆུ་ཚོད16ཐོག པེ་ཅིན་གྲོང་ཁྱེར་ནད་ཐོག་རིག་གཅིག་མཁས་པའི་ཚོགས་ཆུང་གིས་ནད་པ་དེརH7N9བྱ་རིགས་ཆམ་རིམས་འགོད་པའི་ནད་ཐག་བཅད་ཡོད་པ་དང་། དེ་ནི་པེ་ཅིན་གྲོང་ཁྱེར་དུ་ཐོན་པའིH7N9བྱ་རིགས་ཆམ་རིམས་འགོས་པའི་ནད་པ་གཉིས་བ་དེ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག