མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་སིང་གྷ་ལའི་ཙུང་ཐུང་ལ་ཅ་ཕ་ཁི་སར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:05

0.jpg

  སྤྱི་ཟླ༥བའི་ཚེས༢༩ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་གྷ་ལའི་ཙུང་ཐུང་ལ་ཅ་ཕ་ཁི་སར་མཇལ་འཕྲད་གནང་བ།
 

00.jpg

  སྤྱི་ཟླ༥བའི་ཚེས༢༩ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་གྷ་ལའི་ཙུང་ཐུང་ལ་ཅ་ཕ་ཁི་སར་མཇལ་འཕྲད་གནང་བ།
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་གྷ་ལའི་ཙུང་ཐུང་ལ་ཅ་ཕ་ཁི་སར་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སིང་གྷ་ལ་གཉིས་མཛའ་མཐུན་ཁྱིམ་མཚེས་ཡིན་ལ། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། མི་དམངས་བར་གྱི་མཛའ་བཤེས་ཉིན་རེ་བཞིན་ཇེ་དམ་དུ་སོང་སྟེ། རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་མིག་དཔེར་གྱུར། ཚེས28ཉིན། ཀྲུའུ་ཞི་ཞི་ཅིན་ཕེན་དང་སྐུ་ཞབས་གཉིས་ཀྲུང་གོ་དང་སིང་གྷ་ལའི་བར་གྱི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུར་གཅིག་གྱུར་སྒོས་འཐད་པ་བྱུང་བ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད་ཟེར།

  ལ་ཅ་ཕ་ཁི་ས་ཡིས་བཤད་རྒྱུར། སིང་གྷ་ལ་ཕྱོགས་ཀྱིས་ཀྲུང་གོ་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས། གནས་སྐོར། སློབ་གསོ་སོགས་ཕྱོགས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག