མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་ཁྲིམས་ལྟར་ཆོས་ལུགས་ཀྱི་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྒོར་རྡུང་རྡེག་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-30 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་ཏ་ཀང་གིས་སྤྱི་ཟླ5བའི་ཚེས28ཉིན། མིག་སྔར་ཤིན་ཅང་གི་བརྟན་ལྷིང་གནས་བབ་ཡག་པོ་ཡོད་པ་དང་། མི་རིགས་ཁག་གི་མི་དམངས་ཚང་མས་ཤིན་ཅང་དེ་ཉིད་བརྟན་ལྷིང་དང་འཆམ་མཐུན་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཧྲེ་ཏ་ཀང་གིས་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་དུ་གཉེར་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། ཤིན་ཅང་གི་བརྟན་ལྷིང་གནས་བབ་ནི་གནད་དོན་མེད་པ་ཞིག་ཡིན། ཤིན་ཅང་དུ་གཏུམ་སྤྱོད་དོན་རྐྱེན་ཁ་ཤས་ཐོན་པ་དེ་ནི་ཆོས་ལུགས་ཐད་སྐྱོད་སྟོབས་ཤུགས་ཀྱིས་ཆོས་དད་མང་ཚོགས་ཁྲོད་ངོས་འཛིན་གསལ་པོ་མེད་པའི་མིར་དྲིལ་བསྒྲགས་བྱེད་པ་དང་། སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་བཟོས་པ་ཞིག་ཡིན། ཤིན་ཅང་གིས་ཁྲིམས་ལྟར་ཆོས་ལུགས་ཀྱི་གཏོར་བཤིག་དང་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྒོར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག