མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཝུའུ་ར་ཀོས་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཞི་ཁ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:05

06.jpg

  སྤྱི་ཟླ༥བའི་ཚེས༢༨ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ར་ཀོས་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཞི་ཁ་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ5བའི་ཚེས28ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ར་ཀོས་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཞི་ཁ་ལ་མཇལ་འཕྲད་གནང་། 

  ཀྲུང་ཏི་ཅང་གིས་ཙུང་ཐུང་ལགས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་དང་། ཀྲུང་གོ་དང་ཝུའུ་ར་ཀོས་བར་གྱི་མཛའ་མཐུན་འབྲེལ་བའི་དཔང་མི་དང་འཛུགས་སྐྲུན་མཁན་རེད། ཉེ་བའི་ལོ་འགར། ཀྲུང་གོ་དང་ཝུའུ་ར་ཀོས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་རྒྱུན་མ་ཆད་པ་དང་། རྒྱལ་ཁབ་གཉིས་ཀའི་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་དང་མི་དམངས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གྱུར་ནས། ཕྱོགས་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་བཏང་། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཝུའུ་ར་ཀོས་རྒྱལ་ཚོགས་བར་གྱི་བརྗེ་རེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་དང་མཉམ་ལས་ཟབ་མོ་བྱེད་པ། ཕན་ཚུན་ལ་སློབ་སྦྱོང་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ལགས་གཉིས་བར་ཁ་སང་གྲོས་ཁ་འཆམ་པའི་ཐུན་མོང་གི་ལྟ་བ་མཉམ་དུ་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བཏང་ནས། རང་རྒྱལ་ཁབ་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག