མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་གྲོང་གསེབ་ཀྱི་རབ་མཛེས་དགེ་རྒན་འཚོལ་བའི་སྤྱི་ཕན་བྱེད་སྒོ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-30 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་འོད་སྣང་ཉིན་རེའི་ཚགས་པར་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྤྱི་ལོ2013ལོའི་གྲོང་གསེབ་ཀྱི་རབ་མཛེས་དགེ་རྒན་འཚོལ་བའི་སྤྱི་ཕན་བྱེད་སྒོ་དེ་སྤྱི་ཟླ5བའི་ཚེས29ཉིན་པེ་ཅིན་དུ་འགོ་ཚུགས་ཡོད་པ་རེད། རྒྱལ་ཡོངས་སུ་བག་ཆགས་རྒྱ་ཁྱབ་ལྡན་པའི་བྱེད་སྒོ་དེ་རྒྱལ་ཡོངས་སུ་སྤེལ་ཐེངས་གསུམ་པ་རེད། ད་ལོའི་བྱེད་སྒོས་ཀྲུང་གོའི་ཕུགས་འདུན་ཞེས་པས་བརྗོད་བྱ་གཙོ་བོ་བྱས་ཐོག ཕུལ་བྱུང་གི་གྲོང་གསེབ་དགེ་རྒན་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་མི་གཞན་ལ་ལྷག་བསམ་རྣམ་དག་བྱེད་པའི་སྙིང་སྟོབས་དང་རང་གཤིས་མངོན་པར་བྱེད་རྒྱུ། མི་སྔར་ལས་མང་བས་གྲོང་གསེབ་ཀྱི་སློབ་གསོར་སེམས་ཁུར་དང་དོ་ཁུར་སྔར་ལས་ལྷག་པ་བྱེད་རྒྱུར་སྣེ་ཁྲིད་བྱེད་རྒྱུ། གྲོང་གསེབ་ཀྱི་དགེ་རྒན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་རྒྱུ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག