མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧྥེ་ཅིའི་ཙུང་ལི་མུའུ་པད་ཉི་མཱ་ལ་མཱ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:05

0.jpg

  སྤྱི་ཟླ༥བའི་ཚེས༢༩ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥེ་ཅིའི་ཙུང་ལི་མུའུ་པད་ཉི་མཱ་ལ་མཱ་དང་གྲོས་མོལ་མཛད་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས29ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཁང་ཧྥེ་ཅིའི་ཙུང་ལི་མུའུ་པད་ཉི་མཱ་ལ་མཱ་དང་གྲོས་མོལ་མཛད།

  ལིས་ཁིང་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧྥེ་ཅི་བར་གྱི་འབྲེལ་བ་འཕེལ་རྒྱས་བཟང་བོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཧྥེ་ཅི་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་བརྩིས་ཡོད། ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་གཞིར་བཟུང་སྟེ། ཧྥེ་ཅིའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཧྥེ་ཅིའི་མཉམ་ལས་གྲོགས་པོའི་འབྲེལ་བ་གལ་ཆེན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  མུའུ་པད་ཉི་མཱ་ལ་མཱ་ཡིས་བཤད་རྒྱུར། ཧྥེ་ཅི་དང་ཀྲུང་གོ་གཉིས་ཀྱིས་དུས་ཡུན་རིང་བོར་ཕན་ཚུན་ལ་ཡིད་ཆེས་དང་བརྩི་འཇོག་བྱས་པ་དང་། ཧྥེ་ཅི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ལོ་མང་པོར་ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ཕྱོགས་ནས་ཧྥེ་ཅིར་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོའི་བར་གྱི་ཉོ་ཚོང་དང་དངུལ་གཏོང་། གནས་སྐོར། ཡང་བསྐྱར་ཐོན་སྐྱེད་བྱེད་ཆོག་པའི་ནུས་ཁུངས། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག